བོད་ཀྱི་བུད་མེད་ལྷན་ཚོགས་ལ་རོགས་རམ་བྱེད་ཐབས་ཀྱི་བརྒྱུད་ལམ་གསུམ་ཡོད་པ་རྣམས་གཤམ་གསལ་ལྟར་རོ།

༡) དུས་ཐོག་གཅིག་ལ་ཞལ་འདེབས་ཞུ་རྒྱུའམ།
༢) དོ་དམ་རེ་གཉིས་ལ་ཟླ་རེར་ནར་གཏོང་གིས་སྦྱིན་བདག་གནང་རྒྱུ། དཔེར་ན་ཟླ་རེ་ཨ་སྒོར་༡༠ནས་༣༠ལྟ་བུ་གཏོང་རྒྱུ།
༣) བུད་མེད་ལྷན་ཚོགས་ཀྱི་ཚོགས་མིར་ལོ་གཅིག་ལ་(དེ་བས་ཡུན་རིང་ཡང་ཆོག) གནང་རྒྱུ་དང་ཚོགས་དངུལ་འབུལ་རྒྱུ།
གལ་སྲིད་སྐུ་ཉིད་ཀྱིས་གོང་གི་གང་རུང་ལ་རོགས་རམ་བྱེད་འདོད་ཡོད་ཚེ་ང་ཚོར་འབྲེལ་བ་གནང་རོགས།

ཞལ་འདེབས་བྱུང་བའི་རོགས་དངུལ་བདེ་སྤྱོད་གང་ཐད་དུ་གཏོང་མིན་སྐོར་གྱི་གསལ་བཤད།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ངོས་ནས་གཤམ་གྱི་ལས་གཞི་གང་རུང་ལ་ཁྱེད་ཀྱི་ཞལ་འདེབས་རོགས་དངུལ་བདེ་སྤྱོད་འཐུས་ཚང་གཏོང་གི་ཡིན་ན། ལས་གཞི་ཁག དཔེར་ན། དཔེ་དེབ་པར་སྐྲུན་ལས་རིགས། འཚེམ་བཟོ་སྦྱོང་བརྡར། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཟབ་སྦྱོང་གོ་སྒྲིག་བཅས་དང་། དེ་མིན་དུས་བསྟུན་གྱི་ཆབ་སྲིད་ལས་འགུལ་དང་སྨན་བཅོས་རོགས་དངུལ་ཞུ་མཁན་ནད་པ་ཛ་དྲག་ཅན་ལ་ནར་གཏོང་གནང་རྒྱུ་སོགས་སྦྱོད་སྒོ་ཆེན་པོ་རིགས་ལ་བདེ་སྤྱོད་གནང་རྒྱུ་བཅས་སོ།

དེའི་ཆེད་དུ་ཞལ་འདེབས་འབུལ་བློ་ཡོད་རིགས་རྣམས་ཀྱིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དངུལ་བྱང་གཤམ་གསལ་ཁག་ལ་གཏོང་གནང་ཡོད་རྒྱུ།
༡)དབུས་ཡིག་ཚང་ལ་དངུལ་འཛིན་དང་ལག་དངུལ་ཐད་སྤྲོད་གནང་རྒྱུའམ། ཡང་ན།
༢) དངུལ་བྱང་ Bank transfer directly to Account No: 2517000100047948 (General Donation)དང་།
Account Holder’s Name: Tibetan Women Association
Bank Address:
Punjab National Bank
Mcleod Ganj, Dharamshala
District Kangra, H.P. 176219
INDIA
Swift Code: PUNBINBBPAR (for international transaction)
IF Code: PUNBO251700 (for national transaction)གང་རུང་ལ་གཏོང་གནང་རྒྱུ།

སྦྱིན་བདག་ལས་རིམ།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་སྐུ་ཉིད་བོད་མིའི་ཉམ་ཐག དཔེར་ན། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཞིག་གི་སློབ་ཡོན་དང་། ཡང་ན་མཐོ་སློབ་ཆེད་སྦྱོང་བའི་སློབ་མ། བཙུན་མ་དང་རྒན་རྒོན་གང་རུང་ལ་མང་ཉུང་ལ་མ་ལྟོས་པར་སྦྱིན་བདག་གནང་བའི་སྐྱབས་འཇུག་རེ་བསྐུལ་དང་། དེ་མིན་གོང་དུ་འཁོད་ཟིན་པ་ལྟར་གཤམ་གྱི་ལས་གཞི་ཆེ་ཁག དཔེར་ན། བུད་མེད་ལ་འཚེམ་བུའི་ལག་ཤེས་སྤྲོད་ཀྱིན་པའི་བོད་ཀྱི་འཚེམ་ཁང་སྡེ་ཚན་(Stitches of Tibet),དང་། ཡང་ན་སྦྱིན་བདག་སྡེ་ཚན་Sponsorship)། དེ་མིན་བུད་མེད་ཆེད་ལས་པ་སྐྱེས་སྲུང་གི་ལས་གཞི་སློབ་ཡོན་སྡེ་ཚན་Studies Fellowships)བཅས་ཐད་ལ་གནང་ཡང་འཐུས་ཀྱི་ཡོད།

དབུས་བོད་ཀྱི་བུད་མེད་ཀྱི་ཚོགས་མིར་(FOTWA) འཛུལ་ཞུགས་ཐད།

མི་རིགས་གཞན་ནམ་བོད་མི་མིན་རིགས་རྣམས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མིར་འཛུལ་ཕྱོགས་ཀྱི་ལམ་སྟོན།
༡) གསེར་ཅན་གྱི་ཚོགས་མིར་འཛུལ་རྒྱུ། (དུས་ཡུན་ལོ་ལྔ།)
ཨ་སྒོར་༢༥༠(སྤྱི་དང་)ཡང་ན་དེ་ཙམ་ཡར་རྒྱས་ཕྱིན་མིན་པའི་རྒྱལ་ཁབ་ཁག་ཡིན་ན་ཨ་སྒོར་༡༢༥། དེ་མིན་བལ་ཡུལ་དང་རྒྱ་གར་གྱི་ཡུལ་མི་ཡིན་ན་ཡུལ་སྒོར་༧༥༠ཙམ།
༢) དངུལ་ཅན་གྱི་ཚོགས་མིར་འཛུལ་རྒྱུ།(དུས་ཡུན་ལོ་གསུམ།)
ཨ་སྒོར་༡༥༠(སྤྱི་དང་)ཡང་ན་དེ་ཙམ་ཡར་རྒྱས་ཕྱིན་མིན་པའི་རྒྱལ་ཁབ་ཁག་ཡིན་ན་ཨ་སྒོར་། ༧༥དེ་མིན་བལ་ཡུལ་དང་རྒྱ་གར་གྱི་ཡུལ་མི་ཡིན་ན་ཡུལ་སྒོར་༤༥༠ཙམ།
༣) སྤྱི་བཏང་གི་ཚོགས་མིར་འཛུལ་རྒྱུ། (དུས་ཡུན་ལོ་གཅིག)
ཨ་སྒོར་ ༥༠ (སྤྱི་དང་)ཡང་ན་དེ་ཙམ་ཡར་རྒྱས་ཕྱིན་མིན་པའི་རྒྱལ་ཁབ་ཁག་ཡིན་ན་ཨ་སྒོར་ ༢༥ ། དེ་མིན་བལ་ཡུལ་དང་རྒྱ་གར་གྱི་ཡུལ་མི་ཡིན་ན་ཡུལ་སྒོར་ ༡༥༠ ཙམ།

གོང་གི་རིགས་གསུམ་པོའི་ཚོགས་མི་སུ་ཡིན་ལ་ང་ཚོའི་ལྷན་ཚོགས་ཀྱི་ལས་འགུལ་དང་གནས་ཚུལ་རིགས་འཁོད་པའི་ཟླ་གསུམ་དུས་དེབ་དང་དེ་མིན་དུས་དེབ་ཁག་མགོ་གཏོང་གནང་སྲོལ་མཆིས་མོད། ཡིན་ནའང་། གསེར་དང་དངུལ་ཅན་གྱི་ཚོགས་མིར་ལྷན་ཚོགས་འདིའི་པར་སྐྲུན་ལས་རིགས་ཚང་མ་འབུལ་གྱི་ཡོད་པ་ལས། དེ་མིན་དུས་ཡུན་ལོ་གཅིག་ཅན་གྱི་ཚོགས་མིེར་ཟླ་དུབ་དུས་དེབ་དང་ལོ་འཁོེར་དུས་དེབ་སྒྲོལ་མ་གཉིས་ཁོ་ན་གཏོང་གནང་གི་ཡིན།

བོད་མི་མང་ཚོགས་ངོས་ནས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཛུལ་མིར་ཞུགས་ཐབས།
སྤྱིར་བོད་མི་མང་ཚོགས་སུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཛུལ་མིར་ཞུགས་བློ་ཡོད་རིགས་ཀུན་གྱིས་ཚོགས་དངུལ་ཧིན་སྒོར་ ༥༠ ཡིན་ལ། གལ་སྲིད་དེ་ལྟར་མ་ཐུབ་ཚོ་ལ་དམིགས་བསལ་ཡོད་པས། དེ་བས་ཁྱེད་རང་ངེད་ལྷན་ཚོགས་ཀྱིས་མཚམས་རེར་གྱི་རིག་གཞུང་འཁྲབ་སྟོན་དང་རྒྱན་ཤོག་རྩེ་མོ་ཡི་ཆ་ཤས་ལེན་པའམ། ཡང་ན་ངེད་འཚེམ་ཁང་ནས་ཐོན་པའི་ལག་ཤེས་ཐོན་རྫས་ཉོ་བ་སོགས་ལས་རིགས་གང་གི་ཆ་ཤས་བླང་ཡང་དེས་ཐད་ཀར་ངེད་ལྷན་ཚོགས་དང་བོད་མིར་ཕན་གྲོགས་གནང་གི་ཡོད་ན། དེའི་དོན་དགོངས་འཇགས་གནང་རྒྱུ་དང་།
གཞན་རྒྱ་གར་མ་ཡིན་པའི་རྒྱལ་ཁབ་གཞན་པར་གནས་སྡོད་གནང་བཞིན་པའི་བོད་མི་ཚོའང་ངེད་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་ཆོག་ལ། ཨ་རི་དང་ཁེ་ན་ཌ། ཡོ་རབ་ཏུ་ཡོད་མཁན་ཚོའི་ཚོགས་དངུལ་ཡུལ་དེ་དག་གི་སྒེར་མོ་ ༡༥ དང་། ཨིན་ལན་དུ་ཡོད་མཁན་གྱི་ཨང་སྒོར་ ༡༨ ། དེ་མིན་མེ་སོག་ཀོ་སོགས་ནས་ཡུལ་དེའི་སྒེར་མོ་ ༡༨ ཡིན།

བོད་རིགས་དང་བོད་རིགས་མ་ཡིན་པ་སུ་ཡིན་རྣམ་པའམ་ངོ་བོ་གཞན་ཐོག་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ལ་རོགས་རམ་གནང་ཐབས།
• རང་གཞན་གཉིས་ནས་བོད་ཀྱི་རྩ་ཆེན་རིག་གཞུང་དང་སྐབས་བབ་ཀྱི་འཐབ་རྩོད་ཀྱི་གནས་བབ་བཅས་ལ་གོ་རྟོགས་སེལ་ཐབས་ལ་འབད་རྒྱུ།

• བོད་དོན་རྒྱབ་སྐྱོར་ཚོགས་པའམ་བོད་དོན་འཐབ་རྩོད་ཀྱི་བྱ་འགུལ་རིགས་ལ་མཉམ་ཞུགས་ཀྱིས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་རང་བཞིན་དུ་མཐོར་འདེགས་ཡོང་ཐབས་གནང་རྒྱུ་གཙོས། བོད་ཀྱི་ཁོར་ཡུག་གཏོར་བཤིག་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནས་བབ་གསལ་བཤད་དང་བརྒྱུད་བསྒྲགས་གནང་རྒྱུ།

• བོད་ཀྱི་རིག་གཞུང་འགྲེམས་སྟོན་དང་དུས་སྟོན་སོགས་གོ་སྒྲིག་གི་ལམ་ནས་དཔལ་འབྱོར་འདུ་འགོད་ཀྱི་ལམ་ནས་བོད་མིའི་སྤྱི་ཚོགས་ལ་རོགས་རམ་གནང་ཐབས་གནང་རྒྱུ།

• རང་རང་གི་སྲིད་གཞུང་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོང་ཐང་གི་ཚོགས་སྡེ་བཅས་ལ་ཞུ་གཏུགས་སྙན་བསྐུལ་གྱི་ལམ་ནས་ཆབ་སྲིད་ངོས་ཐད་ནས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཡོང་ཐབས་གནང་རྒྱུ་དང་། ད་བར་བཙན་རྒྱལ་རྒྱ་དམར་གྱི་བོད་བཙན་འཛུལ་བྱས་ནས་བོད་མི་རྣམས་ཀྱིས་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་སྣ་མང་མྱངས་དང་མྱོང་མུས་སུ་ཡིན་པ་བརྒྱུད་བསྒྲགས་གནང་རྒྱུ།

• དེ་མཚུངས་གཞུང་སྒེར་གཉིས་ངོས་ནས་སོ་སོའི་སྲིད་གཞུང་ལ་མགྱོགས་འཕྲིན་བསྐུར་ནས་བོད་དོན་རྒྱབ་སྐྱོར་འཚོལ་རྒྱུ་དང་རྒྱལ་སྤྱིའི་ངོས་ནས་རྒྱ་དམར་གཞུང་གི་མི་ཆོས་ལས་འདས་པའི་བྱེད་བབ་ལ་གནོན་ཤུགས་སྤྲོད་པའི་བསྐུལ་སློང་གནང་རྒྱུ།
• དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་གཞི་གང་རུང་ཐད་དང་བླངས་ཞབས་ཞུ་ཡི་ལམ་ནས་རང་གི་ཤེས་འཇོན་བདེ་སྤྱོད་གནང་རྒྱུ་དང་དེའི་ཐད་སྤྲོ་བ་ཅན་ཡོད་ཚེ། ཁ་བྱང་Internship page འདིའི་འབྲེལ་བ་གནང་རྒྱུ།

གོང་འཁོད་ལས་དོན་ལ་སྤྲོ་བ་དང་རོགས་རམ་གནང་བློ་ཡོད་མཁན་རྣམས་ཀྱི་ང་ཚོའི་འབྲེལ་གཏུགས་ཁ་བྱང་contact us.བརྒྱུད་འབྲེལ་བ་འཛིན་གནང་ཡོད་པར་ཞུ།