༧ ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་་ཞུ་བ།

59 Views

panchen-123༄༅།། དེ་རིང་༢༠༡༣།༤།༢༥ ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས ༢༤ ལ་ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ལ་སོང་དོན་གྱི་ཆ་ནས་དགའ་སྤྲོའི་དུས་ཆེན་ཞིག་རེད་དེ་ཡིན་ནའང་ང་ཚོའི་འཚོ་བ་དེསྐྱོ་གདུང་གི་གནས་སྟངས་ཆགས་ཡོད། གང་ལགས་ཞུས་ན་དགུང་གྲངས་༢༤ འཁྲུངས་སྐར་དེ་ཡང་འཛམ་གླིང་ ནང་སུས་ཀྱང་ཚོད་དཔག་མེད་པའི་ས་ཆ་ཞིག་ཏུ་བཙན་དབང་འོག་གཏོང་དགོས་ཐུག་ཡོད་པ་དེ་རེད།

 ༡༩༨༩།༤།༢༥ ཉིན་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་མཆོག་དང་། ཡུམ་བདེ་ཆེན་ཆོས་སྒྲོན་མཆོག་གཉིས་སུ་  འཁྲུངས་པའི་རིགས་མྱུག་དེ་ལ ། ༡༩༩༥ ཕྱི་ཟླ་ ༥ ཚེས ༡༤ ཉིན། ༸ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  ༸ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཕྱག་རྟགས་བསྩལ་རྗེས་ཉིན་གསུམ་གྱི་རྗེས་ཏེ། ༡༩༩༥།༥།༡༧ ཉིན་རྒྱ་གཞུང་གིས་ཁོང་དང་། ཡབ་ཡུམ་སྐུ་འཁོར་བཅས་བཙན་ཁྲིད་བྱས་ཤིང་། ད་ལྟའང་གར་སོང་ཆ་མེད་དུ་ འགྱར་ཡོད་རེད།  ཡིན་ནའང་ ༢༠༡༢ དུས་དབང་ཐེངས་༣༢སྐབས་བུད་མེད་ལྷན་ཚོགས་ཀྱིས་བོད་ནས་ཕེབས་པའི་བོད་མི་ཁག་ ཅིག་ལ་བཅར་འདྲི་བྱས་པའི་ནང་དོན་ཅིག་ལ་བརྗོད་དོན། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ ཞལ་མཇལ་མ་བྱུང་བར་ལོ་མང་ཕྱིན་སོང་སྟེ། ཁོང་ཚོས་ཁོང་ལ་དད་པ་དམ་ཚིག་དང་།  ཡིད་ཆེས་བརླག་མེད་ལ།  ཉིན་གཅིག པཎ་ཆེན་རིན་པོ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཞལ་མཇལ་ཡོང་བའི་རེ་བའང་དེ་བཞིན་བརླག་མེད། ཅེས་ཆོད་སེམས་དང་ བཅས་གསུངས་ཡོད་ན།  དེས་སེམས་ཀྱི་རང་དབང་སུབ་ཐབས་མེད་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག

    ༡༩༥༩ ནས་རྒྱ་ནག་གིས་བཙན་དབང་གིས་བོད་ལ་དབང་བསྒྱུར་བྱས་པ་ནས་བཟུང་དམིགས་ཡུལ་དེ་མི་རིགས་རྩ་བརླག་ གཏོང་རྒྱུ་ཡིན་པ་དེ་གསལ་པོ་རེད། དེ་འདྲ་སོང་བོད་ཀྱི་ཆོས་དང་རིག་གཞུང་ལ་སྟངས་འཛིན་དམ་དྲག་བྱེད་ཀྱི་ཡོད་པ་རེད།  དམིགས་ཡུལ་དེ་བསྒྲུབ་རྒྱུར་སྲིད་བྱུས་གཏན་འབེབས་དང་འབད་བརྩོན་བྱེད་ཀྱི་ཡོད་པའང་མཐོང་ཆོས་སུ་ཡོད་རེད ། ཡིན་ནའང་སྲིད་བྱུས་དེ་ཚོར་ནུས་པ་ཐོན་མེད་སྟབས་མེད་སྟབས། རྒྱ་ནག་གཞུང་འ་ཆད་འུ་ཐུག་གིས་ཐབས་ལམ་ལག་ བསྟར་གྱིས་ཆོས་ཀྱི་དབུ་འཁྲིད་གཅིག་དགུང་ན་༦ ཆུང་བྱིས་པའི་སྐབས་ནས་བཟུང་ད་ལྟ་དགུང་ལོ་༢༤ ཕེབས་ཡོད་ཀྱང་ འཛིན་བཟུང་བཀག་ཉར་བྱས་ཡོད་རེད། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ག་ཚོད་བར་བཀག་ཉར་བྱས་པ་དེ་ཙམ་གྱི་རྒྱལ་ སྤྱི་ཐོག་ནས།  ཁོང་གློད་གྲོལ་དགོས་པ་དང་། བོད་ལ་རང་དབང་སྤྲོད་དགོས་པ་སོགས་ཀྱི་འབོད་སྒྲ་ཆེ་རུ་འགྲོ་ཡི་ཡོད།  ལོ་བསྟུད་མར་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཡོང་རྐྱེན་ལས་འཛམ་གླིང་ནང་ནུས་ཤུགས་ལྡན་པའི་ཆབ་སྲིད་ཀྱི་ལས་ཁུངས་མང་པོར་དོ་སྣང་སླེབས་ཀྱི་ཡོད་རེད། ༸ ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལྟ་བུ་རྒྱལ་སྤྱིས་ཐུགས་སྣང་ ཡོད་པའི་ཆོས་ཀྱི་དབུ་འཁྲིད་ཅིག་ལ་བཙན་དབང་གིས་བཀག་ཉར་བྱེད་ཀྱི་ཡོད་དུས། དེ་ལས་གཞན་པའི་བོད་མི་དཀྱུས་མ་གཅིག ལ་དེ་འདྲའི་དཀའ་ངལ་འཕྲད་པ་མང་པོ་ཡོད་པ་ཤུགས་ཀྱིས་སྟོན་གྱི་ཡོད།

 མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་།  དེ་བཞིན་རྒྱལ་ཚོགས་ཀྱི་བཙན་དབང་དང་དབང་ མེད་དུ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་པའི་གནད་དོན་ཐོག་ཉམས་ཞིབ་ཚན་པ་དང་།  གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་ཚུལ་གསལ་ཁ་དགོས་ པའི་དགོས་འདུན་སྟོན་པར།  རྒྱ་གཞུང་གིས་ཞིབ་ཆའི་འགྲེལ་བརྗོད་གཞན་གང་ཡང་མེད་པར་པཎ་ཆེན་རིན་པོ་ཆེ་ སྐུ་འཁོར་སྐུ་གཟུགས་བདེ་ཐང་ཡོད་པ་དང་། ཁོང་རྣམ་པས་གཞན་གྱིས་བསུན་བཙིར་ལ་དགའ་པོ་མེད་ཚུལ་འགྲེལ་བཤད་ བྱེད་ཀྱི་ཡོད་རེད།  དཔེར་ན་༢༠༡༢།༤ པར་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ནས་དེ་རང་འགྲེལ་བརྗོད་བྱས་ཡོད།

སྤྱིར་རྒྱ་ནག་གི་བཅའ་ཁྲིམས་བརྩིས་ན་ལོ་༡༨ ཡན་རྒན་ཚོད་ལོན་པར་བརྩི་ཡི་ཡོད། དེ་འདྲ་སོང་ཙང་པཎ་ཆེན་རིན་པོ་ཆེ་ མཆོག་ད་ལོ་དགུང་ལོ་༢༤ ལ་ཕེབས་ཀྱི་ཡོད་ན་ རྒྱ་ནག་གིས་སྲུང་སྐྱོབ་འོག་བཞུགས་དོན་མེད་སྟབས་རྒྱ་ནག་གི་རྩ་ཁྲིམས་ ནང་རྒྱ་ནག་མི་མང་ལ་རང་དབང་ཡོད་པ་སྤྱི་མཚུངས་ཁོང་ལའང་རང་ཐག་རང་གཅོད་ཀྱི་སྨྲ་བརྗོད་ཐོབ་ཐང་ཡོད་དགོས་པ་རེད།

 ༢༠༡༣།༣ ནས་རྒྱ་ནག་གཞུང་གི་དབང་འཛིན་དཔོན་རིགས་གསར་པས་བརྩིས་བཞེས་གནང་བའི་མཇུག་བསྡོམས་ གསུངས་བཤད་ནང་། སྲིད་འཛིན་ཞི་ཅི་ཕིན་གྱིས།  རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་དང་།  བསྐྱར་དར་བྱེད་ཐུབ་ཀྱི་ཡིན། ལབ་ཡོད་པ་དེ་དངོས་གནས་ཡིད་ཆེས་ཀྱི་འདུན་པ་ཡོད་ན། བཟང་ཕྱོགས་ཀྱི་འགྱུར་བ་དང་པོ་དེ་༸ཀུན་གཟིགས་པཎ་ཆེན་རིན་ པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་གནང་རྒྱུ་དེ་ཆགས་ཡོད་རེད། དེ་བཞིན་ཞི་ཅི་ཕིན་གྱིས་བཟང་ཕྱོགས་ཀྱིས་  ཁོང་རང་ཉིད་ཀྱི་པ་ལགས་ཀྱི་འཆམ་མཐུན་གྲོགས་པོ་ཀུན་གཟིགས་པཎ་ཆེན་སྐུ་གོང་མ་ཡིན་པ་དང་། སྐུ་གོང་མའི་ཡང་སྲིད་ འཁྲུལ་བྲལ་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་འབྲེལ་ཆགས་ཀྱི་འདུ་ཤེས་བཟུང་སྟེ། དེ་མ་ ཐག་གློད་གྲོལ་བྱེད་དགོས་པའི་འོས་བབ་ཆགས་ཡོད།

 ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་ཟིན་པར་བརྟེན་རྒྱ་ནག་གཞུང་གིསརྒྱལ་སྤྱིའི་སྟེང་ཕྱི་གསལ་ནང་གསལ་སྟོན་རན་པ་དང་དུས་ལ་བབ་པ་ཞིག་ལ་སོང་ལག་བསྟར་གནང་དགོས་པ་དང་ཆབས་ཅིག་   ནག་ཉེས་མེད་པའི་བོད་མི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གཙོས་ཆབ་སྲིད་བཙོན་པ་ཡོངས་རྫོགས་མྱུར་དུ་གློད་གྲོལ་བྱེད་དགོས་རེད་ལ་བྱེད་རན་པ་ཞིག་ཀྱང་ཆགས་ཡོད།

 བཀའ་ཤག་དང་སྤྱི་འཐུས་ལྷན་རྒྱས་ཐུན་མོང་ནས་ད་ལོ་༢༠༡༣། ནས་བཟུང་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་གཅིག་པ་དགེ་ འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་བའི་ཉིན་མོ་དང་བསྟུན། ༥།༡༧ དེ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལོ་ཞེས་བསྲུང་བརྩི་གནང་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་རེད།   དེ་མཚུངས་པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་ཐོབ་ནས་གདན་ས་བཀྲིས་ལྷུན་པོར་ཞབས་གསོལ་མ་འཁོད་བར་དུ་མུ་ མཐུད་འཚོལ་ཞིབ་རྩད་གཅོད་ཀྱི་ལས་འགུལ་བློས་གཏོང་མི་སྲིད་ཅེས་ཞུ་རྒྱུ་དང་སྦྲགས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ ཚོགས་པ་ཁག་ནས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་རྒྱའི་དཀའ་རྙོགས་སེལ་ཐབས་གཉིས་ སྨན་དབུ་མའི་ལམ་གྱི་དགོས་འདུན་བསྒྲུབ་སླད།  བོད་རྒྱ་གྲོས་མོལ་འགོ་བཙུགས་ཐབས་ལ་རྒྱ་གཞུང་གིས་ལྷག་ བསམ་རྣམ་དག་གིས་གོམ་པ་མདུན་སྤོས་དགོས་པར། རྒྱལ་སྤྱིའི་ཐོག་ནས་ཁ་ཡོད་ལག་ཡོད་ཀྱིས་དུས་འགྱངས་མེད་ པར་རྒྱབ་སྐྱོར་དགོས་པ་ཛ་དྲག་གི འབོད་བསྐུལ་ཞུ་ཡི་ཡོད།

  བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ༢༠༡༣།༤།༢༥

No comments

This site uses Akismet to reduce spam. Learn how your comment data is processed.

en_USEnglish