༸དཔལ་ལྷའི་རི་ཁྲོད་དུས་ཆེན་ལོ་ལྟར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་ས་གནས་ནང་དུས་ཆེན་སྲུང་བརྩི་ཞུ་བ་དང་ཆབས་གཅིག་༸དཔལ་ལྷའི་རི་ཁྲོད་ཀྱི་ལྷ་མོ་དབུ་འཕང་དགུང་ལ་བསྟོད་པའི་བསང་གསོལ་ཕུལ་ནས་དུས་ཆེན་ངོ་སྤྲོད་ཀྱིས་མང་ཚོགས་ལ་ཞུ་ཡི་ཡོད།

374 Views
༄༅། ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༣ བོད་རྒྱལ་ལོ་༢༡༤༤ བོད་ཟླ་༡༠ ཚེས་༡༥ ཉིན་༸དཔལ་ལྷའི་རི་ཁྲོད་དུས་ཆེན་ལོ་ལྟར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་ས་གནས་ནང་དུས་ཆེན་སྲུང་བརྩི་ཞུ་བ་དང་ཆབས་གཅིག་༸དཔལ་ལྷའི་རི་ཁྲོད་ཀྱི་ལྷ་མོ་དབུ་འཕང་དགུང་ལ་བསྟོད་པའི་བསང་གསོལ་ཕུལ་ནས་དུས་ཆེན་ངོ་སྤྲོད་ཀྱིས་མང་ཚོགས་ལ་ཞུ་ཡི་ཡོད། འདི་ལོ་དབུས་བུད་མེད་ལྷན་ཚོགས་ནས་རྡ་སའི་ཉེ་འཁོར་གྱི་རླུང་རྟ་དར་འཛུགས་གནང་སའི་རི་མཐོ་ཤོས་སྟེང་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་མགྱོགས་ནས་མྱུར་དུ་ཞབས་སོར་འཁོད་པ་དང་བོད་གཞིས་བྱེད་གཉིས་མཉམ་འཛོམས་ཡོང་བའི་སྨོན་མདུན་ཞུས་ནས་བསང་གསོལ་དང་རླུང་རྟ་དར་འཛུགས་ཟབ་ཞིང་རྒྱས་པ་ཞུས་ཡོད།