༄༅།།བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་(བོད་ཀྱི་འཚེམ་བུ་) སྦྱོང་བརྡར་གྱི་གསལ་བསྒྲགས།

རྩོམ་ཡིག་འདི་ཐེངས་ 2962 བཀླགས་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ (བོད་ཀྱི་འཚེམ་བུ་) སྦྱོང་བརྡར་སྐབས་༡༥པའི་དུས་ཡུན་རྫོགས་ལ་ཉེ་བ་སོང་།་བོད་ཀྱི་འཚེམ་བུ་སྐབས་༡༦་སྦྱོང་བརྡར་ནང་འཛུལ་ཞུགས་གནང་འདོད་ཡོད་རིགས་ཕྱི་ལོ་༢༠༡༧ཟླ་༡༠ ཚེས་༡ ནས་འགོ་འཛུགས་ཞུ་ཡི་ཡོད།

ཐོག་མ་བོད་ཀྱི་འཚེམ་བུ་ཁང་འགོ་འཛུགས་ཞུ་དོན་དམིགས་ཡུལ་ནི་བོད་ནས་གསར་དུ་ཕེབས་པས་བུད་མེད་ཉམ་ཐག་འཚོ་བ་དཀའ་ངལ་ཅན་དང་བུད་མེད་ཁེར་རྐྱང་རྣམས་རང་ཁ་རང་གསོའི་མཐུན་འགྱུར་དམིགས་ཏེ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་གོ་སྒྲིག་ཞུས་པ་ཞིགཆགས་ཡོད།

འོན་ཀྱང་ད་ལྟའི་འཆར་བོད་ནང་རྒྱ་དམར་གྱི་ཆབ་སྲིད་གནད་སྟངས་ཀྱི་འདམ་དྲག་དཀའ་ངལ་ལ་བརྟེན་བོད་མི་བཙན་བྱོལ་དུ་འབྱོར་མི་ཉུང་ཤས་ལས་མེད་ཙང་བོད་ཀྱི་འཚེམ་བུ་སྦྱོང་བརྡར་ཁང་ནང་ཟླ་བ་བཅོ་བརྒྱད་རིང་བུད་མེད་འཚེམ་བུ་རུ་འཛུལ་ཞུགས་གནང་འདོད་ཡོད་པ་མི་གྲངས་༡༠ལ་གོ་སྐབས་འབུལ་གྱི་ཡོད། བོད་ཀྱི་འཚེམ་བུ་ཁང་ནང་ཆ་ཤས་ལེན་འདོད་ཡོད་པ་ཚོར་ཁེ་ཕན་གང་ཡོད་གཤམ་གྱིས་གནད་དོན་ལ་ཐུགས་སྣང་དགོས་གལ་།

༡།བོད་པའི་ཕོ་མོའི་གྱོན་ཆས་ཆ་ཚང་དང་ཞོར་དུ་དགོས་མཁོ་ཁག་དྲ་འཚེམ་གཉིས་ཀ་རང་ཀྱ་ཕེར་བ་སློབ་འཁྲིད་ཞུ་ཡི་ཡོད།

༢།ཉིན་རེ་ཚུ་ཚོད་གཅིག་རིང་བོད་ཡིག་དབྱིན་ཡིག་ཨང་རྩིས་བཅས་གཞི་རིམ་ཚད་གཞི་སློབ་འཁྲིད་འབུལ་གྱི་ཡོད།

༣།ཟླ་རེ་འཚོ་གནོན་སྒོར་༢༤༠༠།རེ་འབུལ་གྱི་ཡོད།བཞུགས་ས་དང་ཞལ་ལག་སོགས་གང་ཡང་གོ་སྒྲིག་མེད།

༤།ཟླ་བ་བཅོ་བརྒྱད་རིང་འཚེམ་བུ་སྦྱོང་བརྡར་དང་འབྲེལ་བའི་དགོས་མཁོ་འཕྲུལ་ཆས་དང་རས་ལ་སོགས་པ་ཆ་ཚང་འབུལ་གྱི་ཡོད།

༥།ཟླ་བ་བཅོ་བརྒྱད་འཚེམ་བུ་སྦྱོང་བརྡར་ཟིན་པའི་རྗེས་ཚེམ་འཁོར་རེ་རང་སྒྲིག་འབུལ་གྱི་ཡོད།

༦།ཟླ་བ་བཅོ་བརྒྱད་འཚེམ་བུ་སྦྱོང་བརྡར་ཟིན་པའི་རྗེས་འགྲུབ་འབྲས་སོན་པ་རྣམས་ལ་ཕྱག་འཁྱེར་འབུལ་གྱི་ཡོད།

༧།འགྲུབ་འབྲས་སོན་པའི་རྗེས་སུ་ལས་ཀ་འཚོལ་ཐབས་འདི་ག་ལྷན་ཚོགས་ནས་ཕྱག་རོགས་ཞུ་ཡི་ཡོད།དེར་བརྟེན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་(བོད་ཀྱི་འཚེམ་བུ་) ཁང་ནང་འཛུལ་འདོོད་ཡོད་རིགས་གཤམ་གྱི་དགོས་ངེས་ཅན་གྱིས་ཆ་རྐྱེན་ཚང་བའི་ཐོག་ཕྱི་ལོ་༢༠༡༧ཟླ་༩ཚེས་༡༥ མ་འགྱངས་བར་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།

༡།དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོའི་མཚན་སྦྱང་ཐོག་དོ་བདག་གིས་ཕྱག་བྲིས།

༢། བོད་མི་དཔྱ་འཁྲལ་ལག་དེབ་ཀྱི་ཤོག་ལྷེ་དང་པོ་དང་མཐའ་མའི་འདྲ་བཤུས།

༣། རྒྱ་གར་ནང་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་འདྲ་བཤུས།

༤། སྨན་པ་ཚད་ལྡན་ནས་བརྟག་དཔྱད་གནང་བའི་ཕྱག་འཁྱེར།

༥། དོ་བདག་རང་ཁུངས་ག་པར་ནས་ཡིན་ན་དེའི་རྒྱབ་གཉེར་ཕྱག་བྲིས།

༦། དོ་བདག་གི་འདྲ་པར་ཚད་གཞི་ཆུང་བ་གཉིས།

  • བོད་ཀྱི་འཚེམ་བུ་ཁང་འཛུལ་འདོད་ཡོད་རིགས་གློག་ཕྲིན་ཁ་བྱང་ twasot@gmail.com འདིའི་རྒྱུད་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།

 

Leave a Reply

Your email address will not be published. Required fields are marked *

This site uses Akismet to reduce spam. Learn how your comment data is processed.