བོད་ཀྱི་བུད་མེད་ལྷན་ཚོགས་དང་Operation Groundswellགཉིས་མཉམ་རུབ་ཐོག་ལས་འགུལ་སྤེལ་བ།  

རྩོམ་ཡིག་འདི་ཐེངས་ 2422 བཀླགས་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་དང་OperationGroundswellམཉམ་རུབ་ཀྱི་བདུན་ཕྲག་གཅིག་གི་ལས་འགུལ་ལེགས་བསྒྲུབས་བྱུང་ཡོད་

ཉིན་དང་པོ་བུད་མེད་ལྷན་ཚོགས་ཀྱི་ལས་བྱེད་བུ་མོ་བསྟན་འཛིན་ཆོས་འཛིན་ལགས་དང་གཞན་འགན་འཛིན་ཁག་གིས་OGམཉམ་བཞུགས་པ་རྣམ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཁྲིད་ནས་ཚོགས་སྐྱིད་སོ་སོའི་ལོ་རྒྱུས་སྙིང་བསྡུས་དང་ཕྱག་ལས་བྱེད་ཕྱོགས་སྐོར་ཕྱག་ཚོད་གཅིག་ནང་གཏམ་བཤད་གནང་ཡོད་དེའི་རྗེས་སུ་དྲི་བ་དྲི་ལེན་བྱས་པའི་ངང་ཉིན་དང་པོ་ལེགས་པར་བསྒྲུབས་སོ།

ཉིན་གཉིས་པ་ཁོང་རྣམས་པ་བོད་ཀྱི་མང་གཙོ་སྟེ་གནས་ཁང་ལ་ཁྲིད་ནས་ཚོགས་སྐྱིད་འདིའི་ལས་བྱེད་བསྟན་འཛིན་ཟླ་བ་ལགས་ནས་ད་ལྟའི་ཆ་ལ་བོད་ནང་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱི་སྐོར་གཏམ་བཤད་རྒྱས་པར་གནང་ཡོད་ དེའི་རྗེས་སུ་དགེ་བཤེས་ལྷ་རྡོར་ལགས་ནས་ཕོ་མོ་འདྲ་མཉམ་གྱི་ཐད་ནང་པའི་གཞུང་ལུགས་ནང་བལྟ་ཕྱོགས་གང་འདྲ་ཡོད་མེད་སྟེང་ཕྱག་ཚོད་གཅིག་རིང་བཀའ་མོལ་གནང་ཡོད

ཉིན་གསུམ་པ་དེ་རིང་ཞོགས་པ་བོད་ཀྱི་སྨན་རྩིས་ཁང་ནས་ཁོང་རྣམས་པ་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་ཐད་གཏམ་བཤད་གནང་བ་དང་ཉིན་རྒྱབ་སུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་སྐུ་ངོ་བསྟན་པ་ལགས་ནས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གི་གནས་སྟངས་དང་དེའི་བརྒྱུད་ནས་འཛམ་གླིང་ཡོངས་ལ་གནོད་སྐྱོན་ག་ཚོད་ཡོད་མེད་སྐོར་ཕྱག་ཚོད་གཅིག་རིང་གཏམ་བཤད་ཟབ་ཅིང་རྒྱས་པར་གནང།

ཉིན་བཞི་བ་དེ་རིང་གི་ཉིན་མོ་དེ་ལ་ཁོང་རྣམས་པ་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་ལ་ཕྱིན་ཏེ་བཙུན་མའི་ནུས་སྟོབས་གོང་འཕེལ་ཞེས་པ་བུད་མེད་ལྷན་ཚོགས་ནས་ལས་འགུས་སྤེལ་བཞིན་ཡོད་པ་དེའི་སྐོར་ལ་གླེང་མོལ་དང་སྦྲགས་བཙུན་མ་བློ་བཟང་བདེ་ཆེན་ལགས་ཀྱིས་ལས་འཆར་དེའི་དམིགས་ཡུལ་དང་མ་འོངས་པའི་ཆར་སྣང་བཅས་སྟེང་གཏམ་བཤད་གནང་ཡོད་ དེའི་རྗེད་ལ་ཁོང་ཚོ་བོད་ཀྱི་རིག་གཞུང་གི་སྟེ་གནས་ནོར་བུ་གླིང་ག་རུ་གཟིགས་སྐོར་ཁྲིད་གནང་བ་རེད།

ཉིན་མཐའ་མ་OGལས་འཆར་ནང་མཉམ་བཞུགས་བྱེད་མཁན་ཡོངས་ལ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་ལས་བྱེད་བསོད་ནམས་བདེ་ཆེན་ (Associate Director) of Tibetan Centre for Conflict

Resolution)ལགས་ནས་རྩོད་རྙོག་ལ་གདོང་ལེན་བྱེད་ཕྱོགས་ཐད་སྦྱོང་བརྡར་སྤྲད་ཡོད་ ཉིན་རྒྱབ་ལ་ཁོང་རྣམས་པས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་གཟིམ་ཁང་དུ་ཕེབས་ཏེ་རྒྱལ་གཅེས་རིང་ལུགས་དང་རྩོམ་རིག་གསར་གཏོད་བཅས་ཀྱི་སྐོར་ལ་གསན་རྒྱའི་གོ་སྐབས་བཟང་པོ་ཐོབ་ཡོད་་དེའི་རྗེས་ལ་བསྟན་འཛིན་ཆོས་འཛིན་གྱིས་ཕོ་མོ་འདྲ་མཉམ་ཞེས་པའི་བརྗོད་གཞི་སྟེང་གཏམ་བཤད་གནང་བ་དང་མཐའ་དོན་ལ་ཁོང་རྣམས་པ་ལ་གོང་ཚིགས་དམིགས་བསལ་ཕུལ་བས་ངང་ཉིན་ལྔའི་ལས་འཆར་ལེགས་པར་བསྒྲུབས་སོ།

 

Leave a Reply

Your email address will not be published. Required fields are marked *

This site uses Akismet to reduce spam. Learn how your comment data is processed.