འཚེམ་ཁང་།

བོད་ཀྱི་འཚེམ་ཁང་།
བོད་ཀྱི་འཚེམ་ཁང་སྡེ་ཚན་(SOT) ཞེས་པའི་ལས་གཞི་འདི་ནི་སྤྱི་ལོ་༡༩༩༥ལོ་ནས་འགོ་བཙུགས་བྱས་པའི་ཚོང་ལས་ཀྱི་ཁེ་བཟང་མེད་པའི་ལས་གཞི་ཞིག འཚེམ་བུའི་ལས་གཞི་འདི་བརྒྱུད་ཟླ་བ་བཅོ་བརྒྱད་རིང་འབྲི་ཀློག་གིི་སློབ་སྦྱོང་ཆེར་མེད་པའི་བུད་མེད་བཅུ་ལ་འཚེམ་བུའི་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་དང་། དུས་ཡུན་འདིའི་རིང་ཟླ་རེའི་འཚོ་སྣོན་ཡང་ཕྲན་བུ་སྤྲོད་ཀྱི་ཡོད། ལས་གཞི་དེའི་དགོས་དོན་གཙོ་བོ་ནི་བུད་མེད་རྣམས་རང་སྐྱ་འཕེར་བའི་འཚོ་བའི་བརྟན་གཞི་བཙུགས་ཆེད་འཚེམ་བུའི་ལས་རྩལ་མི་འདྲ་བ་སྦྱོང་བརྡར་སྤྲོད་ཀྱི་ཡོད།
གོང་དུ་བཤད་པ་བཞིན། ལས་གཞིའི་དམིགས་ཡུལ་ནི་དེང་འདིར་རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད། རྒྱུ་རྐྱེན་དང་དཀའ་ངལ་སྣ་ཚོགས་ཀྱི་དབང་གིས་སློབ་གྲྭ་མཐར་ཕྱིན་མ་གནང་བའམ། མཚམས་འཇོག་བྱས་པའི་ལས་མེད་བུད་མེད་རིགས་ཇེ་མང་དུ་ཆས་པ་གཅིག་དང་། ལྷན་དོན་བོད་ནས་གསར་ཏུ་སླེབས་ཤིང་ལོ་ཚོད་ཀྱི་དབང་གིས་སློབ་ཁུངས་སུ་ཞུགས་པའི་གོ་སྐབས་མེད་མཁན་དང་། ལག་ཤེས་མེད་མཁན་རིགས་ལ་དམིགས་ནས་ལས་གཞི་འདི་ཆེད་འཛུགས་གནང་བ་ཞིག་དང་། ལས་གཞི་འདི་བརྒྱུད་ད་དུང་ང་ཚོའི་སྤྱི་ཚོགས་ནང་གཉེན་འཐོར་བྱུང་ཞིང་བུ་ཕྲུག་ལྟ་རྟོག་གི་འགན་དབང་ཁུར་བའི་ཨ་མ་ཁེར་རྐྱང་ཡོང་བབ་མེད་རིགས་ཀྱི་དཀའ་ངལ་སེལ་ཐུབ་གནང་གི་ཡོད།
དམིགས་འབེན་དེའི་དབང་གིས། ངེད་ལྷན་ཚོགས་ངོས་ནས་ལོ་རེར་འཚེམ་ཁང་སྦྱོང་མཁན་བུད་མེད་བཅུ་རེ་བསྡུ་སྒྲིག་བྱེད་ཀྱི་ཡོད་པའི་ཁྲོད། ས་མིག་བཅུ་ལས་བརྒྱད་དམ་བརྒྱ་ཆ་བརྒྱ་བཅུ་བོད་ནང་གསར་ཏུ་འབྱོར་མཁན་བུད་མེད་ལ་གོ་སྐབས་ཕུལ་གྱི་ཡོད་ལ། ལྷག་མ་བརྒྱ་ཆ་ཉི་ཤུ་ཙམ་དཔལ་འབྱོར་གྱི་རྒྱབ་རྟེན་དང་ཡོང་བབ་ཆེར་མེད་པའི་བཙན་བྱོལ་ནང་གི་བུད་མེད་ལ་མཁོ་སྤྲོད་བྱས་ཀྱི་ཡོད།
དེ་ལྟར་འཚེམ་སྦྱོང་བ་རྣམས་ཀྱི་ཆེད་དུ་འཚེམ་བུའི་དགེ་རྒན་ཞིག་ཆེད་དུ་གོ་སྒྲིག་གིས་འཚེམ་བུ་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་མ་ཟད། དབྱིན་བོད་གཉིས་ཀྱི་སྐད་ཡིག་དང་ཨང་རྩིས། གློག་ཀླད་ཀྱི་རྨང་གཞིའི་སློབ་སྦྱོང་གི་ཞོར་ཁྲིད་དང་། དེ་བས་ཧེ་རོ་ཛོན་རོགས་ཚོགས་ཀྱིས་ལས་གཞི་འདིར་རྒྱབ་སྐྱོར་བྱས་པ་བཟུང་། སྔར་གྱི་འཚོ་སྣོན་གྱི་དོད་སྒེར་༥༠༠་ནས་༢༤༠༠བར་སྤར་གནོན་གྱིས་ད་ལྟའི་ཆར། འཚེམ་བུ་དོན་གཉེར་བ་ཚོར་ཟླ་རེར་འཚོ་སྣོན་གྱི་དོད་ཧིན་སྒོར་༢༤༠༠་རེས་ཀྱང་འབུལ་ཐུབ་པ་བྱུང་བར་སྙིང་ནས་དགའ་ཡོད།
དེ་མཚུངས་སུ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་འཚེམ་བུ་བསྟི་གནས་དང་འཚེམ་ཁང་གང་སར་ང་ཚོིའི་འདི་ནས་ཐོན་པའི་འཚེམ་སྦྱོང་བུད་མེད་གང་མང་ཞིག་རང་གི་ལག་ཤེས་ལ་བརྟེན་ནས་འཚོ་བ་རོལ་ཐུབ་པ་བྱུང་པ་ནི་ཅི་ནས་ཀྱང་དགའ་མགུ་འོས་པ་ཞིག་ག་ལ་མིན།
ལས་གཞི་འདིར་རོགས་ཕན་དང་རྒྱབ་སྐྱོར་ཞུ་བློ་ཡོད་རིགས་རྣམས་ཀྱིས་གཤམ་གྱི་འབྲེལ་བྱང་ཐོག་འབྲེལ་བ་གནང་རོགས་གནང་།
འབྲེལ་གཏུགས་ཁ་བྱང་། twasot@gmail.com