ཁོར་ཡུག


ཁོར་ཡུག།

[slickr-flickr tag=”environment” items=”50″ type=”slideshow” align=”left” size=”medium”]

དབུས་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་དང་འཛུགས་སྐྲུན་གྱི་ལས་གཞི་སྡེ་ཚན་(also known as ‘WEDD)བརྒྱུད།  རྒྱལ་སྤྱིའི་སྤྱི་ཚོགས་སྟེང་བུད་མེད་དང་ཁོར་ཡུག་ཐོག་དུས་ལྟར་ཕན་ནུས་ལྡན་པའི་གནད་དོན་ཁག་ཁྱབ་བདལ་གཏོང་ཐབས་བྱེད་ཀྱི་ཡོད། ད་དུང་བོད་མཐོ་སྒང་ལ་གནས་པའི་བོད་པའི་བུད་མེད་ཆེད་དུ་ཡུན་གནས་ཐུབ་པའི་འཛུགས་སྐྲུན་གྱི་ལས་གཞི་ཁག་ལག་བསྟར་དོན་འཁྱོལ་ཡོང་ཐབས་དང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་། ཁོར་ཡིག་གཏོར་བཤིག་སོགས་ཛ་དྲག་གི་གནས་སྟངས་སྐོར་རྒྱལ་སྤྱིའི་སྟེང་གསལ་སྟོན་བྱེད་ཀྱི་ཡོད།

བོད་ཀྱི་ཁོར་ཡུག་གཏོར་བཤིག་དང་ཤིང་ནགས་གཅོད་འབྲེག་སོགས་ཀྱི་དབང་གིས་བོད་ཀྱི་སྐྱེས་ཁམས་རིག་པར་གནོད་འཚེ་ཚབས་ཆེན་ཕོག་ཡོད་ལ། ལྷག་དོན་བོད་ས་གང་སར་འབར་རྫས་ཀྱི་གཉུག་རོ་བསགས་འཇོག་དང་གཡུག  གཏོར་ཁ་བསྔོག་བཏོན།  གཙང་བོར་གད་སྙིགས་གཡུག་གཏོར་དང་འབག་བཙོག་བཟོས་པ་བཅས་ཀྱིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྙོམ་སྒྲིག་ཐད་གནོད་འཚེ་འཐེབ་ཡོད།

རྒྱ་དམར་གཞུང་གིས་སྲིད་བྱུས་ངན་པའི་རྐྱེན་གྱིས་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་པ་ལ་བརྟེན་ནས་དེའི་གནས་སྡོད་བྱས་པའི་བོད་མི་སྤྱི་དང་བོད་རྒྱལ་ཁབ་ཀྱི་ཁྱིམ་མཚེས་ཡུལ་འབངས་རྣམས་ལའང་ཆུ་ལོག་དང་ས་ཡོམ་གཙོས་པའི་རང་བྱུང་ཁོར་ཡུག་གི་གནོད་པ་ཞིག་བྱུང་དང་འབྱུང་མུས་ཡོད་པ་དེ་སྔོན་འགོག་གམ། དེའི་དཀའ་ངལ་སེལ་ཐབས་ལ་སྨན་སླད་དུ། ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་དུས་རྒྱུན་སྡོང་ཕྲག་འདེབས་འཛུགས་དང་ཁོར་ཡུག་གཙང་བཟོ་ཡི་ལས་ཀར་གཞོིལ་གྱིན་ཡོད་པ་མ་ཟད། ལྷག་དོན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སོགས་དུས་ཚེས་ཁྱད་པར་ཅན་ནམ་འཁེལ་ལ་བོད་མིའི་འདུ་སྡོད་ཀྱི་ས་གནས་གང་སར་སྡོང་ཕྲག་དང་རྩི་ཤིང་གི་ས་བོན་་བགོ་འགྲེམས་ཀྱིས་འདེབས་འཛུགས་བྱེད་དུ་བཅུག་པ་དང་། དེ་མཚུངས་སུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་སྡེ་ཚན་བརྒྱུད་གཞིས་ཆགས་ཁག་ལ་ཁོར་ཡུག་གི་འགལ་འགངས་རང་བཞིན་དང་། འགྱིག་ཤོག་བདེ་སྤྱོད་ཉེས་དམིགས་སོགས་ངོ་སྤྲོད་ཟབ་སྦྱོང་དང་གོ་རྟོགས་སྤེལ་མུས་སུ་ཡོད།

 འབྲེལ་གཏུགས་བྱ་ཡུལ།

twawedd@gmail.com