དགའ་སྤོབས་ངང་ཞུ་རྒྱུ་ལ་བོད་པའི་བཙུན་མ་༢༠ ལ་དགེ་བཤེས་མའི་ལག་འཁྱེར་ཐོབ་པའི་འཚམས་འདྲི།

བོད་པའི་བཙུན་མ་༢༠ ལ་དགེ་བཤེས་མ་ཞེས་པ་ནང་པའི་ཆོས་ཀྱི་ཤེས་ཚད་མཐོ་ཤོས་ཀྱི་ལག་འཁྱེར་ཐོབ་པ་དེ་བོད་ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་བྱུང་ཙང་བུད་མེད་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བཙུན་མ་༢༠ ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད། དེའི་མཛད་སྒོ་དབུ་འབྱེད་ལ་༸སྤྱི་ནོར་གོང་ས་མཆོག་ཆིབས་སྒྱུར་བསྐྱངས་པས་ལག་འཁྱེར་ཡང་ཁོང་གི་ཕྱག་ནས་བཞེས་ཡོད། བསྐལ་བཟང་གི་ཉིན་དེར་སྩལ་བའི་བཀའ་སློབ་ཁག་གཤམ་ལ་གཟིགས།   ཕྱིའི་དངོས་པོོའི་ཐོག་འཛམ་གླིང་འདིར་ཡར་རྒྱས་གཏོང་ཐབས་དང་ཕོ་མོའི་ཐོབ་དབང་འདྲ་མཉམ་ཡོང་ཐབས་ལ་ཤེས་ཡོན་སློབ་སྦྱོང་གི་ཕན་ཐོགས་ཆེན་པོ་ཡོད། དེ་བས་ཀྱང་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཡོད་པར་བརྟེན་དེང་དུས་སྤྱི་ཚོགས་ནང་བུད་མེད་གལ་གནད་ཆེ་བའི་བྱེད་སྒོ་དང་སྣེ་ཁྲིད་པའི་འགན་བཞེས་མཁན་མང་པོ་མཐོང་རྒྱུ་ཡོད། འོན་ཀྱང་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ཅེས་པ་བྱམས་སྙིང་རྗེ་ལ་སོགས་པ་རྣམས་དེང་དུས་ཤེས་ཡོན་སློབ་གསོའི་མིའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་ལ་འདང་ངེས་མེད་པ་གསལ་པོ་རེད། དེང་དུས་ཚན་རིག་གི་བཤད་ཚུལ་ལ་མིའི་ལྷན་སྐྱེས་རང་བཞིན་ལ་བུད་མེད་རྣམས་བྱམས་བརྩེ་ལྡན་པ་དང་། ཤེས་ཡོན་སློབ་གསོའི་ནང་བཟང་སྤྱོད་ཀྱི་ཐད་སློབ་ཚན་རིམ་གྱིས་བཅུག་སྟེ་དོ་སྣང་བྱ་དགོས་པའི་བཀའ་ཕེབས་ཡོད།

༄༅།། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་གཏམ་བཟང་ཞུ་རྒྱུ་

སྦེལ་ལྗམ་ས་གནས་ནང་བོད་རིགས་མང་པོ་ཞིག་སྐྱབས་བཅོལ་ལ་གནས་བཞུགས་ཡོད་པ་སོང་། ཕྱི་ཟླ་ ༩ པའི་ནང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་མཆོག་དང་ ཟུང་དྲུང་བསྟན་འཛིན་ཚེ་ལྷ་རྣམ་གཉིས་ངོ་བཅར་ཞུས་ཏེ་མང་ཚོགས་ལ་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་ཀའི་ངོ་སྤྲོད་ཞུས་འབྲས་ད་ཆ་ས་གནས་བུད་མེད་ལྷན་ཚོགས་ཞིག་གསར་འཛུགས་གནང་ཐུབ་པ་བྱུང་ཡོད། ཟླ་འདིའི་ཚེས་༡༧ རེས་གཟའ་སྤེན་པ་ཉིན་མཛད་སྒོ་དངོས་གཞི་གནང་རྒྱུ་ཐུགས་གཏན་འཁེལ་འདུག་ན་ དབུས་བུད་མེད་ལྷན་ཚོགས་ནས་ཚོགས་གཙོ་ཆུང་སྒྲོལ་མ་ལགས་གཙོས་རྒྱུན་ལས་རྣམ་པ་དང་ ཚོགས་མི་ཡོངས་ལ་བསྔགས་བརྗོད་དང་ དགའ་བསུའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་སྦྲགས་ ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་།།

༸སྤྱི་ནོར་གོང་ས་མཆོག་གིས་མི་མང་ལ་མི་ཚེའི་དོན་སྙིང་ཡོང་ཐབས་དང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཐད་བཀའ་སློབ་།

སྡི་ལིར་རྟེན་གཞི་བྱས་པའི་བོད་ཁང་དང་སྨན་རྩིས་ཁང་གཉིས་མཉམ་རུབ་ཐོག་ཕྱི་ལོ་ ༢༠༡༦་ཟླ་བ ༡༢ ཚེས་ ༩ ཉིན་༸སྤྱི་ནོར་གོང་ས་མཆོག་གདན་འདེན་ཞུས་ནས་མི་ཚེ་དོན་སྙིང་དང་འགྲོ་བ་མིའི་བཟང་སྤྱོད་ཐད་བཀའ་སློབ་གནང་རྒྱུ་གཏན་ཁེལ་བ་ཡིན་ལགས་ན་མི་མང་གང་མང་ཕབས་པའི་རེ་སྨོན་ཞུ་ཡི་ཡོད་ ཞིབ་ཕྲ་ཤེས་འདོད་ཡོད་རིགས་གཤམ་གྱི་འདྲ་པར་ལ་གཟིགས་རོགས།

གསལ་བརྡ་།

གོང་དུ་བཀོད་པས་ཟབ་སྦྱོང་ནང་བཞུགས་འདོད་རིགས་ལ་ཞུ་སྙིང་དུ་ཕྱི་ལོ་༢༠༡༦ ཟླ་བ་ ༡༡་ཚེས་༣༠ ཡི་ཕྱག་ཚོད་༡༡་མ་འགྱངས་པར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཡིག་ཚང་དུ་དེབ་སྐྱེལ་ཆེད་ཁ་པར་གཏང་དགོས་པ་དགོངས་འཇགས་སུ།