དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་རྡི་ལི་ས་གནས་ཀྱི་འགོ་ཁྲིད་འོག་མཛད་སྒོའི་སྐབས་ རྒྱ་གར་གྱི་དཔོན་རིགས་རྣམས་དང་མཇལ་ཕྲད།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་རྡི་ལི་ས་གནས་ཀྱི་འགོ་ཁྲིད་འོག་མཛད་སྒོའི་སྐབས་ རྒྱ་གར་གྱི་དཔོན་རིགས་རྣམས་དང་མཇལ་ཕྲད་དང་། ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་མེད་པའི་ཐོག་འགྲེལ་བཤད་ཞུས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་པའི་དུས་དྲན་དགའ་སྟོན་སྲུང་བཙི།

ཕྱི་ཟླ་ ༡༢ ཚེས་ ༡༠ ནི་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་པའི་དུས་དྲན་དགའ་སྟོན་སྲུང་བཙི་དང་། འཛམ་བུ་གླིང་ནང་ལོ་ངོ་༧༠་འཁོར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དེ་ཡང་སྲུང་བཙི་ཞུ་ཡི་ཡོད། དེ་ཉིན་སྔ་དྲོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་རྒྱ་གར་གྱི་རྒྱལ་ས་རྡི་ལི་རུ་གཉམ་འབྲེལ་རྒྱལ་ཚོགས་ཀྱི་ གཞུང་ཚབ་དུ་བཅར་ཏེ་བོད་དོན་ཐོག་འབོད་སྐུལ་གྱི་ཡི་གེ་དང་། རྒྱ་ནག་གི་གཞུང་ཚབ་དུ་བཅར་ཏེ་རྒྱ་ནག་གཞུང་ལ་དབུ་མའི་ལམ་གྱི་སྲིད་བྱུད་ཐོག་གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གྱི་འབོད་སྐུལ་ཡི་གེ་བཅས་འབུལ།

བོད་ཀྱི་བུད་མེད་ལྷན་ཚོགས་ནས་ ༼རྒྱ་གར་དཔོན་རིགས་ཁག་ལ་ཞུ་འབོད་ལས་འགུལ་༽ གྱི་སྐོར་བསྐྱོད་ཆེད་གསར་འགོད་གསལ་བསྒྲགས།

བོད་ཀྱི་བུད་མེད་ལྷན་ཚོགས་དབུས་རྒྱུན་ལས་ཁང་ནས་ཟླ་འདིའི་ཚེས་༡༠ ནས་རྒྱ་གར་རྒྱལ་ས་རྡི་ལི་ནས་འགོ་འཛུགས་སྟེ་ཕྱི་ཟླ་༡ རྫོགས་མཚམས་བར་རྒྱ་གར་དབུས་གཞུང་བློན་ཆེན། མངའ་སྡེའི་དབུ་ཁྲིད་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་རྣ་ དྲུང་དུ་བཅར་ནས་བོད་ནང་དུ་ད་ལྟའི་ཛ་དྲག་གི་གནང་སྟངས་ཐོག་ལ་ཁོང་རྣམས་ནས་ཐུགས་སྣང་དང་མུ་མཐུད་ནས་ རྒྱབ་སྐྱོར་ཤུགས་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་དུ། དེབ་ཆུང་ནང་འཁོད་གལ་ཆེ་ནང་དོན་ཁག་གསུམ། ༡༽ བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ། ༢༽ གར་སོང་ཆ་མེད་དུ་སོང་བའི༸པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ། ༣༽ ད་ལྟའི་བོད་ཀྱི་ཁོར་ཡུག་གི་གནས་སྟངས།

སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་དེ་རིང་སྔ་དྲོ་ཆུ་ཚོད་༧:༡༠ཐོག་རྡ་ས་བདེ་ལེགས་སྨན་ཁང་དུ་འདས་ གྲོངས་སུ་ཕྱིན།

སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་དེ་རིང་སྔ་དྲོ་ཆུ་ཚོད་༧:༡༠ཐོག་རྡ་ས་བདེ་ལེགས་སྨན་ཁང་དུ་འདས་གྲོངས་སུ་ཕྱིན། སྐུ་ཞབས་ཁོང་ནི་དགུང་ལོ་༨༨ ལ་ཕེབས་པ་དང་། ལོ་ངོ་༣༣རིང་རྒྱ་མིའི་མནར་གཅོད་འོག་བཙོན་ཁང་དུ་མྱོང་བའི་ཆབ་སྲིད་བཙོན་པ་ཞིག་ཡིན། ཁོང་ཟླ་བ་ཁ་ཤས་སྔོན་ནས་བཟུང་སྐུ་གཟུགས་བདེ་ཐང་མེད་པའི་གནས་ཚུལ་ཐོས་པས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་དང་ལས་བྱེད་རྣམས་ཐུག་འཕྲད་དུ་ཕྱིན། དེ་སྐབས་ཁོང་གི་ང་ཚོ་ལ་ བོད་མི་ཚོར་ཆོལ་ཁ་ཆོས་ལུགས་དབྱེ་འབྱེད་མ་བྱེད་པར་ཕན་ཚུན་མཐུན་སྒྲིལ་དང་ཆིག་སྒྲིལ་བྱེད་དགོས་པའི་བཀའ་སློབ་ཟབ་རྒྱས་གནང་བྱུང་། དམ་པ་ཁོང་ནི་བོད་ཀྱི་རྩ་དོན་ཐད་མི་ཚེ་ཆ་ཚང་ གཏོང་ཡོད་པ་དེ་བོད་མི་ཚོའི་སེམས་ནང་ངེས་དགོས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཁོང་གི་ནང་མི་དང་སྤུན་མཆེད་རྣམས་ལ་སེམས་གསོ་དང་དམ་པ་ཁོང་ལ་སྨོན་འདུན་གྲངས་མེད་དང་བཅས།

དཔལ་ལྷའི་དུས་ཆེན་སྲུང་བརྩི་ཞུ་བ།

བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ནི་དཔལ་ལྷའི་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་པས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་དང་ལས་བྱེད་རྣམས་དེ་རིང་སྔ་དྲོ་རིའི་སྟེང་བསངས་བཏང་བ་དང་། ལྷ་མོའི་འཕྲིན་གསོལ་ཕུལ།

སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཐུག་འཕྲད་དུ་ཕྱིན་པ།

དེ་རིང་ཞོགས་པ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་ཆོས་འཛོམས་ལགས་དང་ལས་བྱེད་རྣམས་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་སྐུ་གཟུགས་བདེ་ཐང་མེད་པས་ཐུག་འཕྲད་དུ་ཕྱིན། སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ནི་དགུང་ལོ་༨༨ ལ་ཕེབས་པ་དང་། ཁོང་ནི་ལོ་ངོ་༣༣རིང་རྒྱ་མིའི་མནར་གཅོད་འོག་བཙོན་ཁང་དུ་མྱོང་བའི་ཆབ་སྲིད་བཙོན་པ་ ཞིག་ཡིན།ཁོང་གི་ང་ཚོ་ལ་སོ་སོའི་མི་ཚེ་ལོ་རྒྱུས་སྙིང་བསྡུས་ཞིག་བརྗོད་པ་མ་ཟད། བོད་མི་ཚོར་ཆོལ་ཁ་ཆོས་ལུགས་དབྱེ་འབྱེད་མ་བྱེད་པར་ཕན་ཚུན་མཐུན་སྒྲིལ་དང་ཆིག་སྒྲིལ་བྱེད་དགོས་པའི་བཀའ་སློབ་ཟབ་རྒྱས་གནང་བྱུང་།ཁོང་གང་མགྱོགས་སྐུ་གཟུགས་བདེ་ཐང་ཡོང་བའི་ རེ་བ་དང་སྨོན་ལམ་དུ་མ་ཡོད།