སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཐུག་འཕྲད་དུ་ཕྱིན་པ།

དེ་རིང་ཞོགས་པ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་ཆོས་འཛོམས་ལགས་དང་ལས་བྱེད་རྣམས་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་སྐུ་གཟུགས་བདེ་ཐང་མེད་པས་ཐུག་འཕྲད་དུ་ཕྱིན། སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ནི་དགུང་ལོ་༨༨ ལ་ཕེབས་པ་དང་། ཁོང་ནི་ལོ་ངོ་༣༣རིང་རྒྱ་མིའི་མནར་གཅོད་འོག་བཙོན་ཁང་དུ་མྱོང་བའི་ཆབ་སྲིད་བཙོན་པ་ ཞིག་ཡིན།ཁོང་གི་ང་ཚོ་ལ་སོ་སོའི་མི་ཚེ་ལོ་རྒྱུས་སྙིང་བསྡུས་ཞིག་བརྗོད་པ་མ་ཟད། བོད་མི་ཚོར་ཆོལ་ཁ་ཆོས་ལུགས་དབྱེ་འབྱེད་མ་བྱེད་པར་ཕན་ཚུན་མཐུན་སྒྲིལ་དང་ཆིག་སྒྲིལ་བྱེད་དགོས་པའི་བཀའ་སློབ་ཟབ་རྒྱས་གནང་བྱུང་།ཁོང་གང་མགྱོགས་སྐུ་གཟུགས་བདེ་ཐང་ཡོང་བའི་ རེ་བ་དང་སྨོན་ལམ་དུ་མ་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་དང་རྒྱུན་ལས་་གཉིས་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་སྐུ་གདུང་ཞུགས་བུལ་ལ་ཕེབས་གནང་བ།

ཉིིིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་དང་། རྒྱུན་ལས་བཀྲ་ཤིས་ལྷ་མོ་ལགས་གཉིས་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་དེ་ར་དུན ༼Dehradun༽དུ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱི་སྐུ་གདུང་ཞུགས་འབུལ་ལ་ཕེབས་གནང་ཡོད། རྒྱ་གར་དང་བཙན་བྱོལ་གཞུང་གི་མི་སྣ་ཁག་དང་།དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབས་ཡང་སྐུ་གདུང་ཞུགས་འབུལ་ལ་བཅར་གནང་འདུག བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ནི་ཟླ་བ་༡༠་ཚེས་༢༩་ཉིན་ནེའུ་ཡོག་གྲོང་ཁྱེེེར་དུ་འདས་གྲོངས་དུ་སོང་། ཁོང་གི་སྐུ་གདུང་དེ་རྒྱ་གར་གྲོང་ཁྱེར་དེ་ར་དུན ༼Dehradun༽དུ་ཟླ་བ་ ༡༡ ཚེས་ ༥ ཉིན་བྱོར་གནང་འདུག

ཉིན་བོད་ཨ་མདོ་རྔ་པའི་ནང་སླར་ཡང་རང་ལུས་མེ་རུ་བསྒྲོན་

ཉིན་བོད་ཨ་མདོ་རྔ་པའི་ནང་སླར་ཡང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཁ་གཏད་ཐོག་རྡོ་པོ་ལགས་དགུང་ལོ་ ༢༣་ཡིན་པ་ ཕ་མིང་ལ་གཅོད་པ། མ་མིང་ལ་འཕྲིན་ལས་སྐྱིད་ཡིན་ཞིང་ཨ་མ་ལགས་ལོ་ཤས་གོང་ནས་གྲོངས་འདུག་པ་གཞོན་སྐྱེས་ཞིག་གིས་རང་ལུས་མེ་རུ་བསྒྲོན་ནས་ “༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། ཁོང་བོད་ནང་མྱུར་དུ་མཇལ་བ་ཤོག་”ཅེས་སྐད་འབོད་བྱས་ནས་མཐར་འདས་གྲོངས་སུ་གྱུར་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཆན་ལགས་དང་ཟུང་དྲུང་སྒྲོལ་མ་ཚེ་རིང་ལགས་གཉིས་Frankfurt, Germany ཀྱི་ས་གནས་བོད་མི་དང་ཐུག་འཕྲད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཆན་ལགས་དང་ཟུང་དྲུང་སྒྲོལ་མ་ཚེ་རིང་ལགས་གཉིས་Frankfurt, Germany ཀྱི་ས་གནས་བོད་མི་དང་ཐུག་འཕྲད།

ཁོར་ཡུག་གཙང་བཟོ་ལས་གཞི་༼Clean up Drive towards a Clean India༽ལ་དབུས་དང་ས་གནས་བོད་མི་ལྷན་ཚོགས་རྣམས་འཛུལ་བཞུགས་གནང་ཡོད་

ཕྱི་ལོ་༢༠༡༨ ཟླ་ ༡༡ ཚེས་༢ ཉིན་ས་གནས་འགོ་འཛིན་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ཁོར་ཡུག་གཙང་བཟོ་ལས་གཞི་༼Clean up Drive towards a Clean India༽ལ་དབུས་དང་ས་གནས་བོད་མི་ལྷན་ཚོགས་རྣམས་འཛུལ་བཞུགས་གནང་ཡོད་པ་དང་།བག་སུ་ནག་གཡས་གཡོན་རྣམས་གཙང་མ་བཟོས་ཡོད།

བོད་མི་ལྷན་ཚོགས་དབུ་འཛུགས་ནས་ལོ་ངོ་ ༣༠་ འཁོར་བའི་ཉིན་མོ་སྲུང་བརྩི་དུ་བཅར།

ཀ༽བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཆན་ལགས་དང་ཟུང་དྲུང་སྒྲོལ་མ་ཚེ་རིང་ལགས་གཉིས་སྭི་སི་ས་གནས་བོད་མི་ལྷན་ཚོགས་དབུ་འཛུགས་ནས་ལོ་ངོ་ ༣༠་ འཁོར་བའི་ཉིན་མོ་སྲུང་བརྩི་དུ་བཅར། སྭི་སི་ས་གནས་བོད་མི་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་པ་དང་ཆོགས་མི་རྣམས་ལ་དགའ་སུའི་ཐོག་གནས་ལེན་ཞུ་བ་ལ་བཀྲིན་ཆེ་ཞུ་རྒྱུ། ཁ༽ སྭི་སི་བེ་སལ་༼basel, Swiss༽ཀྱི་བོད་མི་དང་ཐུག་འཕྲད། ག༽སྐུ་ཞབས་WernerNater, བཙུན་མའི་ལས་འཆར་ཀྱི་སྦྱིན་བདག་དང་རི་ཀོང་དགོན་པའི་མཁན་རིན་པོ་ཆེ་དང་མཇལ་འཕྲད།