སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ་བས་

༄༅ དེ་རིང་འཁྲུངས་སྐར་གྱི་ཉིན་མོ་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་འདུད་དང་འཚམས་འདྲི་ཞུ་བ་དང་ཆབས་ཅིག་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་འཁྲུངས་ཏེ་དགུང་གྲངས་བརྒྱད་ཅུ་གྱ་གསུམ་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་དུ་འཕགས་པའི་དགའ་སྟོན་གྱི་ཉིན་མོ་འདིར་གུས་འབངས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་ཞུས་ཏེ་འཛམ་གླིང་སྤྱིར་དང་བོད་འབངས་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གི་ཉིན་མོ་ང་ཚོ་གངས་ཅན་པ་ཙམ་མ་ཟད་འཛམ་གླིང་བྱིངས་ལ་ཤིན་ཏུ་སྐལ་བ་བཟང་པོ་དང་གལ་གནད་ཆེ་བའི་ཉིན་མོ་ཞིག་ཡིན་བོད་ཀྱི་ལོ་རྒྱུས་ནང་ད་ལྟའི་དུས་ཚོད་ནི་དུས་ཚོད་གཉན་འཕྲང་ཅན་ཞིག་ཡིན་པའི་སྐབས་ལ་ཁོང་འདྲ་བའི་དྲང་བདེན་དང་འཚེ་མེད་ཞི་བའི་ལམ་ལ་འཇུག་མཁན་གྱི་དབུ་ཁྲིད་ཅིག་ཡོད་པ་འདི་ང་ཚོ་བོད་མི་རྣམས་ཀྱི་བསོད་ནམས་དང་གཟི་བརྗིད་ཡིན། ཁོང་གི་མཛད་འཕྲིན་རྒྱ་མཚོ་ལྟ་བུ་མཐའ་ཡས་པ་བསྐྱངས་དང་སྐྱོང་བཞིན་པ་ཡིན་སྟབས་ཁོང་སྐུ་བལྟམས་པའི་དུས་ཆེན་ལ་རྗེས་དྲན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་དང་བཅས་མཐའ་དོན་འདིར་ཁོང་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་བརྟན་པ་དང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་རེ་སྨོན་ཞུ་རྒྱུ་ཡིན།

༸ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི།

༸ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༩ ལ་པེབས་པའི་ཉིན་བཟང་པོའི་དེ་ལ་ང་ཚོ་དབུས་བུད་མེད་ལྷན་ཚོགས་དང་ས་གནས་བུད་མེད་ལྷན་ཚོགས་བཟུང་འབྲེལ་ངོས་ནས་ Main Square, Mcleod Ganj རུ་མི་མང་ལ་བསོད་སྙོམས་ཕུལ་བ་དང་སྦྲགས་ (Cake Cutting) འཁྲུངས་སྐར་གྱི་ཁ་ཟས་གཅོད་པ་སོགས་ཀྱི་ལས་འགུལ་དམིགས་བསལ་སྤེལ་བ་རེད། ཡང་ཁོང་གི་འཁྲུངས་པའི་ཉིན་མོ་དང་སྟབས་བསྟུན་ཏེ་ང་ཚོས་ངོས་ནས་ལྒང་ཕུག་སྟེང་ལ་འཕྲིན་ཐུང་ཐུང་བྲིས་ཏེ་ལྷགས་པར་འགྲེམས་སྤེལ་ཞུས་ཡོད།

འཛམ་གླིང་གོ་ལའི་ཉིན་མོ། འགྱིག་རིགས་ཀྱི་འབག་གཙོག་གཙང་བཟོ།

ཟླ་བ་ ༤ ཚེས་༢༢ ཉིན་ལོ་ལྟར་འཛམ་གླིང་གི་ཡུལ་གྲུ་ཚང་མའི་ནང་འཛམ་གླིང་གོ་ལའི་ཉིན་མོ་ཞེས་པ་སྲུང་བརྩི་ཡོད་པ་གཞི་བཟུང་དེ་རིང་གི་ཉིན་མོ་ལ་གོ་ལ་འདིར་གནས་པའི་མི་ངོ་རེ་ལ་ང་ཚོ་འཚོ་གནས་བྱེད་སའི་ཁོར་ཡུག་འདི་སྲུང་སྐྱོབས་བྱེད་དགོས་པ་གལ་འགངས་ཆེན་པོ་ཡིན་པའི་གོ་རྟོགས་སྦེལ་མུས་ཡོད་པ་དང་ང་ཚོའི་རྒྱུན་དུ་མི་ཚེ་ནང་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་འགྱིག་རིགས་ལས་བཟོས་པའི་དངོས་རྫས་ཀྱིས་རྒྱ་མཚོའི་ནང་འཚོ་བཞིན་པའི་སྲོག་ཆགས་དང་རྩེ་ཤིང་ལ་གནོད་སྐྱོན་གཏོང་མུས་ཡོང་ཙང་དེ་ལས་སྐྱོབས་ཐབས་སུ་མི་ངོ་རེ་ངོས་ནས་ལ་འགན་འཁུར་ལངས་པའི་ཐོག་ཁོར་ཡུག་སྲུང་སྐྱོབས་སླད་སེམས་འཁུར་འཕར་མ་ལངས་དགོས་པའི་གོ་རྟོགས་དང་བརྡ་ལེན་སྤྲོད་ཀྱི་ཡོད། དེ་རིང་གི་སྙིང་དོན་གཙོ་བོ་འགྱིག་རིགས་ཀྱི་འབག་གཙོག་གཙང་བཟོ་ཡིན་པའི་བུད་མེད་ལྷན་ཚོགས་དང་ ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་ Clean Upper Dharamsalaབཅས་མཉམ་རུབ་ཐོག་རྡ་ས་ཉེ་འགྲམ་ནས་འགྱིག་གི་ལྟོ་ཕད་གྲངས་ ༦༠ ཙམ་དང་གཞན་འགྱིག་གི་གད་སྙིགས་མང་པོ་དུས་རུབ་བྱས་ཡོད་ དེ་དང་ཆབས་ཅིག་ང་ཚོའི་རེ་བ་ལ་ཚང་མས་འགྱིག་ལས་བཟོས་པའི་དངོས་པོ་ཅི་རིགས་ལོངས་སུ་སྤྱོད་རྒྱུ་འཚམས་འཇོག་བཞག་པའི་དགོངས་འཇག་ཡོང་བ་ཞུ།

དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་བོད་ཀྱི་རྩ་དོན་སླད་ སྐུ་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པ།

ཕྱི་ལོ་ ༢༠༡༧ ཟླ་བ་ ༧ པའི་ཚེས་ ༡༤ཡི་ཉིན་ཝྭ་ནར་མཐོ་སློབ་སློབ་གཉེར་ཁང་གི་སློབ་མ་བསྟན་འཛིན་ལགས་ཀྱིས་བོད་ཀྱི་རྩ་དོན་དང་༸རྒྱལ་བ་རིན་པོ་ཆེ་མཆོག་མྱུར་ནས་མྱུར་དུ་བོད་དུ་གདན་འདྲེན་ཕྱིར་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པ་ནི་སེམས་སྐྱོ་བོའི་གནས་ཚུལ་ཞིག་ཆགས་ཡོད་ བོད་མི་ན་གཞོན་ཞིག་མེད་པ་གྱུར་བ་ནི་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་གྱོང་གུད་ཡིན་པས་སེམས་སྐྱོ་འོས་པ་ཞིག་ཡིན་ མཐའ་དོན་འདིར་ཁོང་གི་ནང་མི་དང་སྤུན་མཆེད་རྣམས་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་དུས་རྟག་ཏུ་ཡོད་ལ་ ཁོང་བསྐལ་བ་བཟང་པོ་ཞིག་ལེན་པའི་སྨོན་འདུན་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྟེ་གནས་ཁང་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་མཉམ་རུབ་ཀྱིས་མང་གཙོའི་ལས་འགུལ་སྤེལ་གནང་བ།

བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྟེ་གནས་ཁང་གཉིས་དགའ་སྤོབས་ངང་མཉམ་རུབ་ཀྱི་ལས་འགུལ་མང་གཙོ་ཞེས་པ་སྤེལ་གནང་ཡོད་་ལས་འགུས་དེའི་དབུ་འབྱེད་ཀྱི་མཛད་སྒོ་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གནང་བ་དང་དེའི་ནང་བུད་མེད་ལྷན་ཚོགས་ཀྱི་སྡེ་ཚན་ནས་མཉམ་བཞུགས་གནང་ཡོད་ཡང་ལས་འགུལ་དེ་དང་སྟབས་བསྟུན་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ནས་དུས་རབས་ཉེར་གཅིག་ནང་མང་གཙོ་དགོས་པ་གལ་ཆེ་པོ་དང་མཉམ་དུ་འགན་འཁུར་ལེན་དགོས་པ་གནད་གག་ཆེན་པོ་ཡིན་པའི་ཐད་གཏམ་བཤད་གནང་།

སློབ་ཕྲུག་རང་དབང་ཚོགས་པས་དབུ་ཁྲིད་པའི་ཕྱིའི་རྒྱལ་དང་རྒྱ་གར་ནས་ཡིན་པའི་སློབ་མ་གྲངས་༢༡ ཞྀག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཕེབས་སུ་སྣེ་ལེན་གནང་བ།

ཕྱི་ལོ་ ༢༠༡༧ ཟླ་ ༧ པའི་ཚེས་ ༡༠ ཉིན་ཐའ་ཝེན་ Taiwan་དང་རྒྱ་གར་ནང་སློབ་གཉེར་གནང་བཞིན་པའི་སློབ་མ་གྲངས་ ༢༡ ཞིག་སློབ་ཕྲུག་རང་དབང་ཚོགས་པས་འདིར་གར་བུད་མེད་ལྷན་ཚོགས་སུ་ཁྲིད་གནང་བ་ཚོ་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཚོགས་གཙོ་ལགས་ནས་བོད་ནང་གི་གནས་སྟངས་དང་བུད་མེད་ལྷན་ཚོགས་འདི་བོད་པའི་སྤྱི་ཚོགས་ནང་གལ་གནད་ཆེན་པོ་ཡིན་པའི་ཐད་བཀའ་མོལ་གནང་ཡོད།