ལས་འགུལ་ཁག

བཙན་བྱོལ་བོད་མིའི་མི་འབོར་གྱི་ཕྱེད་ཀ་འདུ་བའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ལྷན་ཚོགས་འདིའི་ལྡིང་ཆ་བརྒྱུད་ནས་བོད་ཕྱི་ནང་གི་བུད་མེད་རྣམས་ཀྱི་བདེ་སྡུག་ལ་དོ་སྣང་དང་འགན་ཁུར་བཞེས་པ་ཁོ་ན་མིན་པར། ༧པཎ་ཆེན་ཆུང་སྲིད་མཆོག་བཙོན་འཇུག་གློད་དཀྲོལ་ཡོང་ཐབས་དང་། རྒྱ་ནག་གིས་བཟོས་པའི་ཅ་ལག་ཉོ་ཚོང་བཀག་སྡོམ། བོད་མི་དང་བུད་མེད་ཀྱི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གྱི་བྱ་འགུལ་ལ་རྒོལ་རྡུང་བྱེད་ཀྱིན་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་གཞན་དང་ལྷན་དུ་བོད་ནང་གི་ཆབ་སྲིད་བཙོན་མིའི་ལོ་རྒྱུས་འཚོལ་བསྡུ་བྱེད་ཀྱིན་པ་གཙོས། དྲང་བདེན་མ་ཡིན་པའི་ཁྲིམས་གཅོད་དང་མནར་གཅོད་རིགས་རྒྱུས་ལོན་གྱིས་ཕྱི་ཕྱོགས་འབྲེིལ་ཡོད་ཚན་པར་མཁོ་འདོན་གྱིས་རོགས་ཕན་ཡོང་ཐབས་་བྱེད་ཀྱིན་ཡོད།

[slickr-flickr tag=”campaigns” items=”50″ type=”slideshow” align=”right” size=”small”]

Leave A Comment

Your Comment
All comments are held for moderation.