ཉམས་ཞིབ་དང་གསར་འགོད་ལས་རིགས།


ཉམས་ཞིབ་དང་གསར་འགོད་ལས་རིགས།

[slickr-flickr tag=”research and media” items=”50″ type=”slideshow” align=”left” size=”large”]

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ངོས་ནས་བོད་ཕྱི་ནང་གི་བུད་མེད་རྣམས་ཀྱི་སྤྱི་ཚོགས་དང་འཚོ་བའི་གནས་བབ་གཙོས་པའི་བདེ་སྡུག་ཐད་ལ་ཉམས་ཞིབ་ཀྱི་སྙན་ཐོ་དང་གློག་བརྙན་འགྲེམས་སྤེལ་བྱེད་ཀྱི་ཡོད་ཐོག རྒྱལ་སྤྱིའི་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གི་ཉམས་ཞིབ་ཚན་པར་སྐབས་བབ་ཀྱི་ཁུངས་ལྡན་ཉམས་ཞིབ་བྱེད་པའི་སྙན་ཐོ་ཁག་དྲ་རྒྱ་དང་ཡིག་ཐོག་ནས་མཁོ་འདོན་འགྲེམས་སྤེལ་བྱེད་ཀྱི་ཡོད།

ཡང་ངེད་ལྷན་ཚོགས་ངོས་ནས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་གནས་ཚུལ་ཅི་རིགས་ཁྱབ་བསྒྲགས་ཀྱི་བརྒྱུད་ལམ་སྣ་ཚོགས་ཤིག་ལ་བརྟེན་གྱི་ཡོད་པ་ལས་གཙོ་བོ། ཡིག་ཆ་འགྲེམས་སྤེལ་དང་གློག་བརྙན་བསྐྲུན་བཟོ། གསར་བགོད་གསལ་བསྒྲགས་ཀྱི་ལམ་ནས་ང་ཚོའི་འབོད་སྒྲ་ཁྱབ་ཐབས་དང་། ཁྱད་པར་དུ་བུད་མེད་ལ་བཅར་རྡུང་དང་ཕོ་མོ་དབྱེ་འབྱེད་ཀྱི་བྱ་སྤྱོད་དེ། ཆབ་སྲིད་དང་ཤེས་ཡོན། ལས་ཀ་བཅས་སྒོ་གང་ས་ནས་བུད་མེད་རིགས་ལ་ཉུང་ཕྲི་དང་གོ་སྐབས་དཀོན་པའི་སྤྱི་ཚོགས་ཀྱི་རང་བཞིན་དང་བོད་མིའི་བསམ་བློའི་ཁྱེར་ཕྱོགས་ལ་ཉམས་ཞིབ་ཀྱིས་དགག་རྒྱག་དང་།

གོ་སྐབས་འདྲ་མཉམ་ཡོང་ཐབས་ཀྱི་འབད་བརྩོན་ཞུ་མུས་སུ་ཡོད་ན། དེ་འབྲེལ་གྱི་ལས་དོན་ནམ།  བོད་དོན་བདེན་བདར་ནི་ང་ཚོའི་ཚོགས་པའི་བསྒྲགས་གཏམ་གཙོ་བོ་ཡིན་པ་ཅི་བཞིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བུད་མེད་དང་འབྲེལ་བའི་ཚོགས་འདུའི་མང་པོའི་ཐོག་སྐུ་ཚབ་ངོ་བཅར་གྱིས་མཉམ་ཞུགས་གནང་ཡོད།

 ཉེ་ལམ་ངེད་ལྷན་ཚོགས་ངོས་ནས་༼བཙན་བྱོལ་གྱི་འབོད་སྒྲ་༽ཞེས་པའི་གློག་བརྙན་ཞིག་སྒྲིག་བཟོ་བྱས་ཤིང་། དེར་བོད་ཀྱི་བུད་མེད་རྣམས་ནས་ད་བར་བོད་ཀྱི་རང་དབང་འཐབ་རྩོད་ནང་མཉམ་ཞུགས་དང་འབད་འབངས་གནང་བའི་ལོ་རྒྱུས་མཚོན་ཐབས་བྱེད་ཡོད་ལ། དེ་མཚུངས་སུ། ༼བཙན་བྱོལ་ནང་གི་མི་ལོ་༤༠༽ཞེས་པར་བཙན་བྱོལ་བུད་མེད་རྣམས་ནས་རྒྱ་གར་དང་རྒྱལ་སྤྱིའི་ས་ཕྱོགས་གང་སར་བཅུ་གསུམ་དུས་དྲན་དང་སྒེར་མོ་སྒར་ལངས། མི་དམངས་འདུ་ཚོགས་དང་ཞུ་གཏུགས་སྙན་ཞུ་སོགས་ཆབ་སྲིད་ཀྱི་ལས་འགུལ་གང་སྤེལ་ཁག་སྤེལ་བའི་བརྙན་འཁོར་ཅིག་ཆགས་ཡོད། ངེད་ལྷན་ཚོགས་མུ་མཐུད་གློག་བརྙན་རིགས་གང་མང་བཟོ་ཐབས་ཀྱི་བོད་ཀྱི་འཐབ་རྩོད་མཚོན་ཐབ་ཀྱི་བརྒྱུད་ལམ་ཞིག་མཁོ་འདོན་གནང་འཆར་ཡོད་ཅེས་ཞུ་ཆོག་པར་གནང་།

དེ་མིན་ཉམས་ཞིབ་སྡེ་ཚན་ནས་ལོ་རེར་༼སྒྲོལ་མ་༽ཞེས་ལོ་འཁོར་དཔེ་དེབ་ཅིག་དབྱིན་བོད་སྐད་ཡིག་གཉིས་དང་། འབོད་སྒྲ་ཞེས་དབྱིན་ཡིག་ནང་ཟླ་གསུམ་དུས་དེབ་ཅིག་ཐེངས་བཞིར་པར་བསྐྲུན་འགྲེམས་ཞུ་ཡི་ཡོད་ལ།