Other news, Other TWA news

The Tibetan Women’s Association Central Executives attended the First Anniversary of RTWA, Tso Pema (Rewalsar) on 30th July, 2017

1. ༄༅།། ཕྱི་ལོ་༢༠༡༧ ཟླ་༧ ཚེས་༣༠ ཉིན་མཚོ་པདྨའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དབུ་བརྙེས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་རྟེན་འབྲེལ་མཛད་སྒོ་ཟབ་རྒྱས་གནང་བའི་ཐོག་མ་༧སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་དུ་གདན་ཞུས་ཐོག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བསངས་གསོལ་གནང་། ནམ་རྒྱུན་མཛད་རིམ་ལྟར་སྐུ་མགྲོན་གཙོ་བོ་ས་གནས་དེར་དཀའ་བརྒྱུད་དགོན་པའི་ལྷོ་དབང་སྤྲུལ་རིན་པོ་ཆེ་མཆོག ས་གནས་འགོ་འཛིན་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་མཆོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་གཙོས་པའི་རྒྱུན་ལས། ས་གནས་དེར་ཡུལ་མིའི་བུད་མེད་ཀྱི་ཚོགས་གཙོ་རཇ་ནི་ཝར་མ་(Rajni Verma) དང་རྒྱུན་ལས། ས་གནས་བུད་མེད་ཀྱི་སློབ་སྟོན་པ་བ་ར་མྷ་ཀུ་མ་རི་(Bramah Kumari) ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ལས་བྱེད་ལི་ལ་ཝ་ཤིསཊི་(Lila Vashist) ས་གནས་བུད་མེད་ཀྱི་ལམ་སྟོན་པ་བསྟན་འཛིན་བུ་ཆུང་ལགས། དགེ་འདུན་པ་རྣམས། བཙུན་མ་རྣམས། མི་མང་། ཡུལ་མི་དང་བཅས་འཛོམས་ཐོག་སྐུ་མགྲོན་རྣམ་པའི་བཀའ་སློབ་ལམ་སྟོན་དང་ས་གནས་ནས་ལས་བསྡོམས་རྩིས་ཁྲ་སྙན་སྒྲོན་ཞུས་རྗེས་མཛད་སྒོ་གང་ལེགས་བྱུང་ཡོད།