Key activities, Other news, Other TWA news, Women's empowerment

Tibetan Women’s Association is happy to introduce our new Regional Chapter at Dharawali Dokham Tibetan Settlement in Dehradun, Uttarakhand on 30th April, 2017.

༄༅། ཕྱི་ལོ་༢༠༡༧ ཟླ་༤ ཚེས་༣༠ ཉིན་དོན་གྲུབ་གླིང་ས་གནས་ཉེ་འགྲམ་དུ་དྷ་ར་ཝ་ལི་མདོ་ཁམས་གཞིས་ཆགས་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སྒྲིག་འཛུགས་ཀྱིས་ཡན་ལག་ས་གནས་གསར་འཛུགས་ཞུས་ཐུབ་པ་བྱུང་ཡོད། གོང་ཚེས་ཉིན་རྟེན་འབྲེལ་གྱིས་མཛད་སྒོ་གོ་སྒྲིག་གནང་ཡོད་པ་དེར་དབུས་སྤྱི་ཁྱབ་ལས་ཁུངས་ནས་ཚོགས་གཙོོ་སྒྲོལ་མ་དབྱངས་ཅན་ལགས། ཚོགས་གཞོན་ཚེ་རིང་སྒྲོལ་མ། མཐུན་འབྲེལ་འགན་འཛིན་སྐལ་བཟང་གཡུ་སྒྲོན་བཅས་དངོས་སུ་བཅར་ཡོད། མཛད་སྒོའི་སྐབས་སྐུ་མགྲོན་དུ་ས་གནས་ནང་གི་ལས་ཀྱི་སྣེ་མོ་བ་དང་དབུས་ཚོགས་ཟུར་བཀྲིས་སྒྲོལ་མ་ལགས་དང་ལྡེ་ར་དུན་ཁུལ་ས་གནས་བུད་མེད་ཁག་གི་ཚོགས་གཙོ་འམ་སྐུ་ཚབ་བཅས་ཕེབས་ཡོད། མཛད་སྒོའི་ཐོག་དགའ་བསུ་འཚམས་འདྲིའི་དང་བཅས་དབུས་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་དང་དབུས་ཚོགས་ཟུར་བཀྲིས་སྒྲོལ་མ་ལགས་དང་དེ་མིན་གྱིས་སྐུ་མགྲོན་ཁག་ནས་གསུངས་བཤད་གནང་ཡོད། དེ་མིན་གྱི་ས་གནས་རྒྱུན་ལས་གསར་པའི་འདམ་འབུལ་གནང་རྒྱུ་དང་། གཞས་སྣ་ཁག་རྟེན་འབྲེལ་གྱིས་འཁྲབ་སྟོན་གནང་ཡོད་ལ་སྤྱིར་མི་མང་ཡོངས་ནས་དགའ་འཚོར་གྱིས་རྒྱབ་བསྐྱོར་ཧ་ལས་པ་འདུག སོང་ཙང་ད་ལམ་དྷ་ར་ཝ་ལི་ས་གནས་སུ་བུད་མེད་ལྷན་ཚོགས་ཀྱི་ཡན་ལག་ས་གནས་གསར་འཛུགས་ཞུས་པ་དགའ་འཚོར་ངང་འཚམས་བཀྲིས་བདེ་ལེགས་ཞུ།