༄༅།། ཕྱི་ལོ་༢༠༡༧ ཟླ་༥ ཚེས་༡༧ ཉིན་ནི་༧པཎ་ཆེན་༧སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་རྒྱ་དམར་གྱིས་བཙན་ ཁྲིད་བྱས་ཏེ་ལོ་ངོ་༢༢ ཧྲིལ་པོ་འཁོར་གྱི་ཡོད།

༄༅།། ཕྱི་ལོ་༢༠༡༧ ཟླ་༥ ཚེས་༡༧ ཉིན་ནི་༧པཎ་ཆེན་༧སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་རྒྱ་དམར་གྱིས་བཙན་ ཁྲིད་བྱས་ཏེ་ལོ་ངོ་༢༢ ཧྲིལ་པོ་འཁོར་གྱི་ཡོད། ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༤ ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧པཎ་ཆེན་༧སྐུ་ཕྲེང་༡༠ པའི་ཡང་སྲིད་དུ་༧པཎ་ཆེན་༧སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ལ་བཞེས་སྐབས་ཡང་སྤྲུལ་དུ་ངོས་འཛིན་ཞུས་མ་ཐག་ཉིན་གསུམ་ནས་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་ཆ་ཚང་རྒྱ་དམར་གྱིས་བཙན་ཁྲིད་བྱས་པ་ནས་བཟུང་་ད་བར་གནས་ཚུལ་གསལ་སྟོན་མེད་པར་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་དུ་གློད་གྲོད་ཡོང་ཐབས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་ས་ཕྱོགས་གང་སར་ལས་འགུལ་སྣ་ཚོགས་སྤེལ་ཡོད། བཞུགས་སྒར་རྡ་རམ་ས་ལར་མི་མང་འདུ་
འཛོམས་གྱི་གཞི་རྒྱ་ཆེ་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས་ཚོགས་པ་ཁག གྲྭ་བཙུན། མི་མང་དང་བཅས་གང་མང་མཉམ་བཞུགས་གནང་ཡོད།