༄༅། །བོད་དོན་རྒྱབ་སྐྱོར་བ་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་མི་སེར་སྐྱ་མི་མང་ཁག་ཅིག་ནས་བོད་ཀྱི་ས་མཚམས་ ཆུ་དྭངས་མ་ནས་འགོ་འཛུགས་ཀྱིས་ཏི་ཛི་པུར་བར་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་ཞི་བའི་གོམ་བགྲོད་ ལས་འགུལ་ཞིག་སྤེལ་གནང།

༄༅། །བོད་དོན་རྒྱབ་སྐྱོར་བ་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་མི་སེར་སྐྱ་མི་མང་ཁག་ཅིག་ནས་བོད་ཀྱི་ས་མཚམས་ཆུ་དྭངས་མ་ནས་འགོ་འཛུགས་ཀྱིས་ཏི་ཛི་པུར་བར་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་གནང་བར། དེ་རིང་ཕྱི་ལོ་༢༠༡༨ ཟླ་༣ ཚེས་༣༠ ཉིན་སྔ་དྲོ་ཕྱག་ཚོད་༡༠།༠༠ བཞུགས་སྒར་དུ་ཕེབས་སྐབས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་ངོས་ནས་དགའ་བསུའི་མཚམས་འདྲི་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་སྣེ་ལེན་ཟབ་རྒྱས་ཞུས་ཡིན།