བུད་མེད་ཀྱི་ནུས་སྟོབས་གོང་སྤེལ།

བཙུན་མའི་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་།

group pic༄༅།།   བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཙུན་མའི་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་ཐེངས་ལྔ་པ་དེ་ ༢༠༡༣།༤ པའི་  ཚེས་ ༡༧ ནས་༢༣ བར་ Selaqui བོད་ཁྱིམ་ལག་ཤེས་སློབ་གྲྭའི་ཚོགས་ཁང་དུ་གོ་སྒྲིག་ཞུས་པ་དེ་བཞིན་ཕྱི་ཟླ་བཞི་ པའི་ཚེས་ ༢༤ ཉིན་མཇུག་ཚགས་འཚུད་ངང་མཇུག་བསྒྲིལ་ཡོད།

བདུན་གཅིག་གི་ཟབ་སྦྱོང་ནང་རྒྱ་གར་ནང་བཅའ་བཞུགས་བཙུན་དགོན་ཁག་བཅུ་ནས་བཙུན་མ་ཞལ་གྲངས་ ༢༦ ནས་ཕེབས་ཐུབ་ཡོད།  དེ་ཡང་ལ་དྭགས་བཙུན་མའི་ལྷན ཚོགསདང་།  རྡེ་ར་ལྡུན་ཁུལ་ནས་འབྲི་གུང་བསམ་གཏན་གླིང་ བཙུནདགོན་དང་།  ས་སྐྱ་རིན་ཆེན་ཆོེས་འཁོར་གླིང་བཙུན་དགོན།  ཏི་ལི་པུར་ཀརྨ་འགྲུབ་རྒྱུད་དར་རྒྱས་གླིང་བཙུནདགོན།  ཨོ་རི་ས་ནམ་མཁའ་ཀུན་རྫོང་བཙུན་དགོན།  རྡ་ས་འཇམ་དབྱངས་ཆོས་གླིང་བཙུན་དགོན། ཤུག་གསེབ་ཨོ་རྒྱན་ རྫོང་བཙུན་དགོན།  སྒྲོལ་མ་གླིང་བཙུན་དགོན་དང་།  དགེ་ལྡན་ཆོེས་གླིང་བཙུན་དགོན་བཅས་ནས་མཉམ་ཞུགས་གནང་ ཡོད།

བོད་རིགས་ཤེས་འཇོན་གཉིས་ལྡན་གྱི་ཟབ་འཁྲིད་པ་བཞི་ཆེད་དུ་གདན་ཞུས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་ཟབ་སྦྱོང་ ཕུལ་ཐུབ་ཡོད།  དེ་ཡང་བོད་མི་མང་སྤྱི་འཐུས་ལས་ཐོག་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་གིས་ཉིན་གཉིས་རིང་ འབྲེལ་ལམ་གནང་སྟངས་ཀྱི་རྩལ་དང་། ཡར་རྒྱས་དང་རང་མགོ་རང་ཐོན་ཆགས་ཐུབ་ཐབས་སྐོར་ཟབ་འཁྲིད་གནང་ཡོད།    བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ལས་བྱེད་ཚེ་དབྱངས་ལགས་ཀྱིས་བཙུན་མའི་ནུས་སྟོབས་ གོང་འཕེལ་དང་འབྲེལ་ཟབ་འཁྲིད་དང་།  ལག་ཤེས་སློབ་གཉེར་ཁང་གི་འགན་འཛིན་ལྷག་པ་དོན་འགྲུབ་ལགས་ཀྱིས་ཟས་ བཅུད་བསྟེན་ཕྱོགས་ཐོག་ཟབ་འཁྲིད་དང་།  དེ་བཞིན་བོད་ཁྱིམ་དཔེ་སྟོན་སློབ་གྲྭའི་དབུ་འཛིན་འབྲུག་ཚེ་རིང་ལགས་ཀྱིས་ སྲོག་དང་སེམས་ཀྱི་འབྲེལ་བ་ཡོང་སྟངས་ཐོག་ཟབ་སྦྱོང་གནང་ཡོད།  nun speaking.. group presentation

ཟབ་སྦྱོང་དེ་དག་འཆད་ཉན་ཙམ་གྱི་ལམ་ནས་མ་ཡིན་པར་བགྲོ་གླིང་དང་། བསམ་ཚུལ་བརྗེ་ལེན། རྩེད་མོ་བཅས་ཐབས་ ལམ་སྣ་མང་བརྒྱུད་གོ་རྟོགས་སྤེལ་རྒྱུར་འབད་བརྩོན་ཞུས་ཡོད།

ཉིན་མ་གཅིག་དམིགས་བསལ་ཌེ་ར་ལྡུན་ཁུལ་ཤེས་ཡོན་དང་འབྲེལ་ཆགས་ལྟི་གནས་ཁ་བཤས་ལ་གཟིགས་བསྐོར་གོ་ སྒྲིག་ཞུས་ནས།  སྙན་གྲགས་ཆེ་བའི་Doon school  ནང་སྔ་དྲོའི་ཉིན་ཕྱེད་དུས་ཚོད་ཞུས་ཐོབ་ལྟར་གོ་སྐབས་ལེན་ ཐུབ་ཡོད།  དེ་མཚུངས་གྲགས་ཆེ་བའི་ཤིང་ནགས་ཉམས་ཞིབ་ལྟི་གནས་དང་འགྲེམས་སྟོན་ཁང་བཅས་སུའང་བསྐྱོད་རྒྱུ་ བྱུང་ཡོད།

སྒྲོལ་མ་གླིང་བཙུན་མ་ཕུན་ཚོགས་ལམ་སྒྲོན་ལགས་ནས།  ཟབ་སྦྱོང་དེ་ནི་ཁོང་རང་ཉིད་ཀྱི་མི་ཚེའི་ནང་ཐེངས་དང་པོ་ ཆགས་ཡོད།  བདུན་གཅིག་གི་ཟབ་སྦྱོང་ནང་སོ་སོས་ནམ་རྒྱུན་རང་ཉིད་ལ་ངོས་འཛིན་བྱེད་སྟངས་ཁ་ཤས་ནོར་འཁྲུལ་ ཡིན་པ་ངོ་སྤྲོད་ཀྱིས་འགྱུར་བ་གཏོང་དགོས་རྒྱུ་དང་།  གང་ཟག་སོ་སོ་ལ་ཡོད་པའི་རྩལ་དང་རྣམ་དཔྱོད་དེ་བེད་དཔྱོད་ གཏོང་རྒྱུར་སོ་སོར་ཡིད་ཆེས་དང་གདེང་སྤོབས་གསར་པ་ཞིག་བརྙེད་པ་ལྟ་བུའི་འཚོར་བ་ཞིག་སྐྱེས་སོང་བསམ་གྱི་ཡོད་ ཅེས་དགོངས་འཆར་གནང་སོང།

nun on tourཟབ་སྦྱོང་བ་ཚང་མས་ཟབ་སྦྱོད་དེ་བརྒྱུད་ལེགས་ཆ་གསར་པ་མང་པོ་ཤེས་སོང་།  ད་དུང་དེ་རིགས་གང་མང་གནང་ཐུབ་ ན་ཕན་ཐོགས་ཆེན་པོ་ཡོང་རེའི་དགོངས་འཆརཡང་གནང་སོང་།

བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་ཉི་མ་ལྷ་མོ་ལགས་ནས།  དེ་རིང་གི་ཟབ་སྦྱོང་རག་པ་བརྒྱུད་ཕན་ཐོགས་དང་གང་ཤེས་པ་  རྣམས་རང་གཅིག་པོའི་རྒྱ་ཁྱོན་ཙམ་དུ་མ་ཡིན་པར་རྒྱ་བསྐྱེད་ཀྱིས་གཞན་ལའང་ལམ་སྟོན་དང་ཕན་ཐོགས་གནང་ཐུབ་ པའི་ཡེད་ཆེས་དང་རེ་བའང་ཞུ་ཡི་ཡོད།  སྤྱི་ཚོགས་ནང་ཕན་ཐོགས་ཡོད་པའི་ལས་རིགས་མུ་མཐུད་གནང་ཐུབ་རྒྱུར་བུད་ མེད་ལྷན་ཚོགས་ཀྱིས་གཙིགས་ཆེར་འཛིན་གྱི་ཡོད་ལ་རྣམ་པ་ཚོས་ཀྱང་སྔར་ལྷག་མཉམ་ཞུགས་གནང་རྒྱུར་གཅིག་མཚུངསགལ་ཆེར་བརྩི་རོགས་གནང་།  ཞེས་གསུངས་ཡོད།

གསར་འགོད་འབྲེལ་བ་གནང་ཡུལ་ཨང་གྲངས།   ཉི་མ་ལྷ་མོ་དྲུང་ཆེ། ༠༩༨༨༢༥༠༢༨༢༡

བསྟན་འཛིན་ཆོས་སྒྲོན།  འབྲི་གུང་བསམ་གཏན་གླིང་བཙུན་མ།  ༠༩༧༦༦༠༦༤༥༢

བསྟན་འཛིན་ལྷག་སྐྱིད།  དགེ་ལྡན་ཆོས་གླིང་བཙུན་མ།  ༠༩༤༡༡༡༡༩༤༦

ཡེ་ཤེས་ལྷ་མོ།  ཏི་ལི་པུར་བཙུན་མ།  ༠༩༤༡༨༥༢༥༨༥༢

Leave A Comment

Your Comment
All comments are held for moderation.