བོད་ནང་གི་བུད་མེད།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱལ་སྤྱིར་མཉམ་ཞུགས་ཀྱི་ཚན་པ་བརྒྱུད། བོད་ཕྱི་ནང་གི་བུད་མེད་མྱོང་བཞིན་པའི་དཀའ་ངལ་རིགས་རྒྱལ་སྤྱིའི་ལྡིང་ཆར་བསྐྱལ་ཐབས་དང་ལྷན་དོན་བོད་ནང་གི་བུད་མེད་ཚོའི་བདེ་སྡུག་ནི་ལྷན་ཚོགས་འདི་གའི་སེམས་ཁུར་དང་དམིགས་འབེན་གཙོ་བོ་དེ་ཡིན།

བོད་ནང་གི་བུད་མེད་ཚོས་སྔ་ཕྱིར་མྱངས་དང་མྱོང་མུས་སུ་ཡོད་པའི་དཀའ་ངལ་གཙོ་བོ་གཅིག་ནི་སྐྱེ་སྒོ་འགོག་པའི་སྲིད་ཇུས་དང་དེས་སྤྲད་པའི་ལུས་སེམས་ཀྱི་དཀའ་སྡུག་རིགས་ཡིན་པས། ང་ཚོའི་ལྷན་ཚོགས་ངོས་ནས་འདི་ཐད་ལ་ཉམས་ཞིབ་ཀྱིས་༼སྐྱོ་གདུང་གི་མིག་ཆུ་༽ཞེས་པའི་དེབ་ཅིག་བཏོན་ཐོག དེ་ནི་སྤྱི་ལོ་༡༩༩༤ནས་འདོན་འགོ་བཙུགས་ཤིང་། སྔ་ཕྱི་༢༠༠༢དང་༢༠༠༩སོགས་ཁ་གསབ་ཀྱིས་འགྲེམས་སྤེལ་ཞུ་མུས་སུ་དང་། གནས་ཚུལ་དེའི་རིགས་ཉམས་ཞིབ་ཀྱི་བརྒྱུད་རིམ་ཁྲོད། རྒྱ་གཞུང་གིས་སྤྱི་ལོ་༡༩༨༠ལོ་ནས་བཟུངས་བཙན་ཤེད་ཀྱི་མངལ་འདེད་པ་དང་སྐྱེ་སྒོ་འགོག་པའི་སྲིད་ཇུས་དེ་མཚམས་འཇོག་གིས། དེ་བས་སྤྱི་ལོ་༡༩༩༠ལོ་ནས་སྲིད་ཇུས་དེའི་མ་ཡིག་གི་ནང་མངལ་དེད་མིན་དང་སྐྱེ་སྒོ་འགོག་མིན་ནི་རང་མོས་དང་གདམས་ཀ་བྱེད་ཆོག་པ་ལས་བཙན་ཤེད་དང་བཙན་དབང་མིན་པའི་ཁྲིམས་སྒྲིག་གཏན་ལ་ཕབ་ཀྱང་། དེ་ནི་ཡིག་ཆ་ཙམ་ལས་དངོས་གཞིའི་ལག་ལེན་ཁྲོད་མུ་མཐུད་སྐྱེ་སྒོ་འགོག་ཐབས་གནང་མུས་ཡོད་པའི་ཤེས་རྟོགས་བྱུང་ཡོད་ཀྱང་། སྲིད་ཇུས་ཀྱི་སྒྲོམ་གཞིའི་ཐོབ་ཐང་དེ་རྩོད་ལེན་འདིར་བཙན་བྱོལ་དུ་ཡོད་པའི་བུད་མེད་ཚོས་དེ་ལྟར་རྒྱ་གཞུང་གི་སྲིད་ཇུས་ཞེས་རྩ་ཆེར་འཛིན་པའི་ཡིག་ཆ་དེ་རིགས་བོད་ནང་གི་བུད་མེད་ལ་མཁོ་འདོན་གྱིས། གལ་སྲིད་སྲིད་ཇུས་དེ་ལག་ལེན་དངོས་སུ་ཕབ་ཚེ་བོད་ནང་གི་བུད་མེད་ཚོར་ཡང་ཕྲུ་གུ་གཉིས་ལས་ལྷག་དང་བཙན་ཤེད་ཀྱི་མངལ་དེད་མི་དགོས་པའི་གོ་རྟོགས་སྤེལ་ཐབས་གནང་གི་ཡོད།

[slickr-flickr tag=”women in tibet” items=”50″ type=”slideshow” align=”right” size=”small”]