ཡོ་རོབ་མཉམ་སྒྲིལ་མཐུན་ཚོགས་བོད་ཀྱི་རྒྱབ་རྩ་ལངས་པའི་འབོད་བསྐུལ་ལས་འགུལ་སྤེལ་བ།

01དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་ཚོར་ཐེངས་བཞི་བའི་ཚད་མཐོའི་འགན་ཁུར་སྣེ་ཁྲིད་ཀྱི་ཟབ་སྦྱོང་སྤྲོད་སྐབས་བསྟུན། ཁ་སང་(སྤྱི་ལོ་༢༠༡༣ཟླ་༡༢ཚེས་༢༦)ཟབ་སྦྱོང་གོ་སྒྲིག་མཁན་དང་ཟབ་སྦྱོང་ནང་མཉམ་བཞུགས་གནང་མཁན་བཅས་མཉམ་རུབ་ཐོག་ སི་པན་སྲིད་གཞུང་དང་ཡོ་རོབ་མཉམ་སྒྲིལ་སྤྱི་མཐུན་ཚོགས་པ་བོད་དོན་ཀྱི་རྒྱབ་རྩར་ལངས་དགོས་པ་དང་། སི་པན་གཞུང་གིས་ཁྲིམས་ཁང་ལ་ཆབ་སྲིད་ཀྱི་ཐེ་བྱུས་མི་གནང་བའི་འབོད་བསྐུལ་ཞུ་གཏུག་ལས་འགུལ་ཞིག་སྤེལ་བར། ཞུ་གཏུག་སྙན་ཞུ་དེར་རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་རྒྱ་གར་གྱི་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པའི་ངོས་ནས་རྒྱབ་སྐྱོར་མཚོན་པའི་མཚན་རྟགས་བསྐྱོན་སོང་།

04

        ཞུ་གཏུག་སྙན་ཞུ་དེར་མཚན་རྟགས་མཁན་གྲས་སུ་རྒྱ་གར་ཆབ་སྲིད་མགོ་འཁྲིད་དང་ཆབ་སྲིད་ཚོགས་པའི་འཐུས་ཚབ་སོགས་སྐད་གྲགས་ཅན། གངས་རི་སི་ཆབ་སྲིད་ཚོགས་པའི་འཐུས་ཚབ་ཤཱིརི་པཀཊ་ཇརན་དྷསི་(Shri Bhakta Charan Das, Lok Sabha Member of Parliament representing Congress party)དང་། གྲོས་ཚོགས་འཐུས་མི་ཤཱིརི་ཨིཊིར་སིན་ནམདན་དང་( Shri Inder Singh Nomdhan, an independent Lok Sabha Member of Parliament,)དང་། པེ་ཇེ་པི་ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་མེནག་ཤི་ལགཧེ་(Meenakshi Lakhi, Politician, Lawyer and National Spokesperson for Bharatiya Janata Party (BJP),དང་གཙོས་ཆབ་སྲིད་འགོ་ཁྲིད་མང་བོ་དང་། རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་ཤཱི་རི་པོ་རན་མལ་སནཧ་ནི་དང་། ཤཱི་རི་རན་པེར་ཡ་དྷེཧྥེ་རྣམ་གཉིས་ཀྱང་རྒྱབ་སྐྱོར་མཚོན་པའི་མཚན་རྟགས་བསྐྱོན་སོང་།

  03 ཞུ་གཏུག་ལས་འགུལ་འདི་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མགོ་བཙུགས་དང་ད་དུང་སྤེལ་མུས་ཡིན་པའི་ལས་འགུལ་ཞིག་ཆགས་ཡོད་ལ། ལས་འགུལ་འདི་ནི་ཉེ་ལམ་བོད་མི་ཚོས་སི་པན་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་པ་བརྒྱུད། ཁྲིམས་ཁང་གི་ངོས་ནས་རྒྱ་གཞུང་གི་སྲིད་འཛིིན་ཟུར་བ་ཧོའོ་ཅིན་ཐོའོ་དང་ཅང་ཙིན་མིན་དང་དཔོན་རིགས་གསུམ་བཅས་མི་ལྔ་ཡུ་རོབ་ས་ཁུལ་ལ་འགྲོ་འདུག་མི་ཆོག་དང་སླེབས་ཐོན་བྱུང་ཚེ་འཛིན་བཟུང་བཀག་ཉར་འཐུས་པའི་ཁྲིམས་ཐག་བཀའ་རྒྱ་བཏང་ཡང་། རྒྱ་ནག་གཞུང་གིས་སི་པན་སྲིད་གཞུང་ལ་གནོན་ཤུགས་སྤྲད་དབང་གིས།  ད་ལྟའི་ཆར་སི་པན་སྲིད་གཞུང་གིས་ཁྲིམས་ཁང་གི་ཐག་གཅོད་དེ་ཕྱིར་འཐེན་གནང་འཆར་ཡོད་པར་ངོ་རྒོལ་དང་སྦྲགས། དེ་ལྟར་གནང་མི་འོས་པའི་དྲན་བསྐུལ་དང་། དེ་བས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་ཚད་ལས་འདས་པའི་མནར་གཅོད་དང་བརྩི་མེད་རྡོག་རོལ་གཏོང་བ་ལ་ངེས་པར་ཉེས་ཆད་དང་སྐྱོན་བརྗོད་གནང་དགོས་ཡོད་ཅེས་དང་།

ཡང་ཞུ་གཏུགས་འདི་སི་པན་གྱི་སྲིད་བློན་མ་རོ་ནོ་རཇོ་(Mariano Rajoy)ཡི་མཚན་ཐོག་ཏུ་ཕུལ་ནས་སི་པན་ཁྲིམས་ཁང་ནི་རང་དབང་ལྡན་པའི་ཐོག་གནང་བཅུག་རྒྱུ་མཚོན། ཡོ་རོབ་མཉམ་སྒྲིལ་ངོས་ནས་རང་རང་གི་དབུས་ས་གཉིས་ཀྱི་ཁྲིམས་ཁང་ལ་ཆབ་སྲིད་ཀྱི་ཐེ་བྱུས་མི་གནང་བར་རང་རྐྱ་འཕེར་བའི་ཐོག་གནང་བཅུག་རྒྱུ་ནི་མང་གཙོའི་དོན་སྙིང་དང་མི་མང་གི་ཁེ་དབང་སྲུང་སྐྱོབ་སོགས་མང་གཙོའི་ལྟ་གྲུབ་རང་ཡིན་པ་དང་ལག་ལེན་འཁེལ་དགོས་པའི་འབོད་བསྐུལ་ཞུ་ཡོད།02

དེ་ལྟར་རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་ཤེས་ཡོན་ཅན། ཁྲིམས་རྩོད་པ་བཅས་མཉམ་རུབ་ཐོག་རྒྱལ་སྤྱིའི་ངོས་ནས་ཡོ་རོབ་མཉམ་སྒྲིལ་མཐུན་ཚོགས་བོད་དོན་གྱི་རྒྱབ་རྩར་ལངས་དགོས་པ་དང་། སི་པན་ལ་རྒྱ་ནག་གི་གནོན་ཤུགས་སྤྲད་པར་ངོ་རྒོལ་དང་། རྒྱ་སྤྱིའི་ངོས་ནས་བོད་མིས་ཁྲིམས་མཐུན་གྱི་ལམ་ནས་ཁ་མཆུ་བཙུགས་པ་ནི་འགྲོ་བའི་མིའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་པ་ར་འཕྲོད་འབོད་བསྐུལ་དང་འབྲེལ།  ཁྲིམས་ཁང་གི་ཐག་གཅོད་གང་བྱུང་འགྱུར་བ་མི་གཏོང་བར་མུ་མཐུད་རྩ་འཛིན་གནང་དགོས་པ་རེ་བ་བཅས་ཞུས་ཡོད།་