རྒྱལ་སྤྱིའི་སྐབས་བཅོ་བརྒྱད་པའི་ཁོར་ཡུག་ཚོགས་ཆེན་ལ་བཅར་པ།

TWA's Environment & Development officer with Tenzin Norbu from CTA at COP-18 in Doha,Qatar.

TWA’s Environment & Development officer with Tenzin Norbu from CTA at COP-18 in Doha,Qatar.

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་དོན་བདེན་བདར་ཅེས་པའི་འབོད་ཚིག་དུས་རྒྱུན་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་མུས་སུ་ཡོད་པ་ཇི་བཞིན། སྤྱི་ལོ་༢༠༡༢ལོའི་ཟླ་༡༡་ཚེས་༢༦ནས་ཕྱི་ཟླ་༡༢ཚེས་༧བར་འཚོརྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་ཆེན་དེའང་རྡོ་ཧ་ཞེས་པའི་རྒྱལ་ཁབ་ཏུ་འཚོགས་པ་དང་བསྟུན། ངེད་ལྷན་ཚོགས་ཀྱི་ཁོར་ཡུག་ལས་བྱེད་བསྟན་འཛིན་ཆོས་སྒྲོན་དེར་ཆེད་བཅར་གྱིས། བོད་ཀྱི་ཁོར་ཡུག་སྐོར་ལ་ཁྱབ་བསྒྲགས་ཀྱིས་མཚོན་གོ་རྟོགས་ལས་འགུལ་སྤེལ་ཐབས་གནང་ཡོད།

ཚོགས་ཐེངས་བཅོ་བརྒྱད་པ་དེར་རྒྱལ་ཁབ་༡༩༤ནས་ཆ་ཤས་ལེན་མཁན་མི་གྲངས་༡༧༠༠༠་ལྷག་ཙམ་ཡོད་ལ། དེ་དང་འབྲེལ་བའི་གནས་ཚུལ་མཁོ་བསྡུ་མཁན་གྱི་གསར་འགོད་པ་༡༥༠༠མཉམ་ཞུགས་བྱས་ཡོད་པ་བརྒྱུད་བོད་ཀྱི་ཁོར་ཡུག་ཐད་དྲང་ཕྱོགས་ཀྱི་ལྟ་སྟངས་ཤིག་ཁྱབ་སྤེལ་དང་འགྲེལ་བརྗོད་གནང་ཐུབ་པ་བྱུང་ཡོད།

དེའང་ཆོས་སྒྲོན་ལགས་ཀྱིས་“ཐེངས་འདིར་བོད་ཀྱི་གཙང་བོ་རྒྱུགས་པའི་ས་ཁུལ་ཏུ་ཆགས་པའི་ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་གང་མང་ཞིག་དང་འབྲེལ་ཟམ་འཛུགས་ཐུབ་པ་བྱུང་དེ་ནི་ཐེངས་འདིའི་གྲུབ་འབྲས་ཆེ་ཤོས་ཤིག་ཏུ་ངོས་འཛིན་ཆོག་པ་ཡིན་”ཞེས་གསུངས་པ་བཞིན། མི་འབོར་ཐེར་འབུམ་གཉིས་ལྷག་གི་འཚོ་སྡོད་དང་འབྲེལ་བའི་བོད་ཀྱི་གཙང་ཆུའི་གལ་གནད་འགྲེལ་བརྗོད་གཙོས། དེར་སྦགས་བཙོག་ཅི་བྱུང་གིས་ཁོང་ཚོའི་འཚོ་གནས་ལ་དཀའ་ངལ་ཅི་འཕྲད་རིགས་སོགས་གསལ་བརྗོད་ཐུབ་པ་བྱུང་ཡོད། ཡང་ “སྐབས་དེར་རྒྱལ་ཁབ་འདྲ་མིན་གྱི་ངོ་བོ་ཁོར་ཡུག་དོ་དམ་པར་འབྲེལ་བ་འཛིན་ཐབས་དང་ཞུ་གཏུགས་ཡི་གེ་གང་ཐབས་བརྒྱུད་སྤྲོད་བྱས་པ་ཡིན་མོད། རྒྱ་གཞུང་གི་གནོན་ཤུགས་ནི་མངོན་ལྐོག་གང་རུང་དུ་ཡོད་ཡོད་པ་ལྟ་བུ་རེད་འདུག་ན། དེར་གདོང་ལེན་བྱ་རྒྱུ་འདིའང་ལས་ཀ་ཐེ་བ་ཞིག་རེད་འདུག”ཅེས་གསུངས།

དེ་བཞིན་གོ་སྐབས་དེ་བརྒྱུད། རྒྱ་གཞུང་གིས་བོད་ཀྱི་ཐོན་ཁུངས་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག གཙང་བོ་ཁ་བསྒྱུར། འབྲོག་པ་གྲོང་བསྒྱུར་སོགས་ཁོར་ཡུག་གཏོར་བཤིག་གིས་བོད་དང་བོད་མིའི་འཚོ་བར་ཤུགས་རྐྱེན་དང་དཀའ་ངལ་ཅི་འཕྲད་སྐོར་ཡང་བརྒྱུད་བསྒྲགས་དང་། སྲིད་བྱུས་དེ་དག་མཚམས་འཇོག་དང་བཅོས་བསྒྱུར་འབྱུང་ཐབས་སུ་ན་གཞོན་ཁོར་ཡུག་ལས་འགུལ་ཚོགས་པ་སོགས་སུ་རེ་བསྐུལ་ཞུ་གཏུགས་རིམ་པ་གནང་ཡོད་པ་བཅས། ངེད་ལྷན་ཚོགས་ཀྱི་འཛམ་གླིང་གི་སྣེ་གསུམ་པ་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་གི་སྡེ་ཚན་གྱིས་དུས་རྒྱུན་འཛམ་གླིང་གང་སར་ཁོར་ཡུག་དང་འབྲེལ་བའི་ཚོགས་འདུ་ལ་བཅར་ཐབས་དང་བཅར་ནས་བོད་ཀྱི་ཁོར་ཡུག་གི་དཀའ་ངལ་ངོ་སྤྲོད་དང་། དཀའ་ངལ་དེ་རིགས་སེལ་ཐབས་སུ་རོགས་འདེགས་ཅི་འགབ་འཚོལ་གྱི་སྤྱིར་ངེད་ལྷན་ཚོགས་དང་ནང་སྒོས་སུ་སྡེ་ཚན་འདིའི་འགན་ཁུར་གཙོ་བོར་གྱུར་ཡོད།

Leave a Reply

Your email address will not be published.

This site uses Akismet to reduce spam. Learn how your comment data is processed.