སློབ་ཡོན་གསལ་བསྒྲགས། ༢༠༡༣

Tibetan-Womens-Association-logoབོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༡༣ ལོར་བུད་མེད་གཅིག་ལ་སློབ་ཚན་ Gynaecology or Paediatric གང་རུང་གཅིག་གི་ཐོག་སློབ་ཡོན་འབུལ་གྱི་ཡོད་ན། གཤམ་གྱི་ཆ་རྐྱེན་ཚང་རིགས་བུད་མེད་སློབ་མ་རྣམས་ནས་སྙན་ཞུ་གནང་དགོས།

བུད་མེད་ལྷན་ཚོགས་ཀྱི་ཚོགས་མིའི་ཕྲུ་གུར་དམིགས་བསལ་གྱི་བསམ་ཞིབ་གནངགི་ཡོད།

ས་མིག་དེར་འཛིན་རིམ་བཅུ་གཅིག་དང་། བཅུ་གཉིས་ནང་ཚན་རིག་ ལེན་ཡོད་ན། གོང་གི་སློབ་སྦྱོང་ཐོག Diploma གནང་རྒྱུར་སློབ་ཡོན་འབུལ་རྒྱུ་དང་། ཡང་ M .B.B.S.ཐོན་ཡོད་ན་དེ་ལ་གཞིགས་པའི་སློབ་ཡོན་འབུལ་རྒྱུ་ཡིན། ཞུགས་འདོད་ཡོད་རིགས་སློབ་མ་ནས་དོ་བདག་གི་སྙན་ཞུའི་ནང་སོ་སོའི་ངོ་སྤྲོད་ཐུང་ཙམ་རེ་དང་། ནང་མིའི་གནས་སྟངས། དོ་བདག་ནས་སློབ་ཚན་དེར་ཞུགས་དགོས་པའི་དམིགས་ཡུལ་ངེས་ཅན་གང་ཡིན། བཅས་འཁོད་པའི་སྙན་ཞུ།

བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་དུ། ༢༠༡༣ ཕྱི་ཟླ་ ༦ པའི་ཚེས་༡༥ ནང་ཚུན་འབྱོར་བ་གནང་དགོས།

གཤམ་གྱི་ཆ་རྐྱེན་དགོས་རྒྱུར་ཐུགས་སྣང་མཛོད།

༡༽བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ནང་༢༠༡༣ ལོའི་དངུལ་བབ་ཕུལ་ཟིན་པའི་ངོ་ཤུས།
༢༽འཛིན་རིམ་བཅུ་གཅིག་དང་། བཅུ་གཉིས་ཀྱི་ལག་ཁྱེར་གྱི་ངོ་ཤུས།
༣༽ M.B.B.S.ཐོན་པ་ཡིན་ན་ལག་ཁྱེར་གྱི་ངོ་ཤུས།
༤༽ གཟུགས་པོ་བདེ་ཐང་ཡིན་པའི་སྨན་པ་ཚད་ལྡན་གྱི་ལག་ཁྱེར། བཅས་ཚང་བའི་ཐོག་གོང་འཁོད་ཚེས་གྲངས་ནང་ ཚུན་གཏོང་གནང་དགོས་པ་དགོངས་འཇགས་ཞུ།

Email-tibwomen@gmail.com

བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ༢༠༡༣།༤།༡༥ ཉིན། འབྲེལ་མཐུད་ཨང་གྲངས། ༠༡༨༩༢-༢༢༡༥༢༧

 

 

Leave a Reply

Your email address will not be published.

This site uses Akismet to reduce spam. Learn how your comment data is processed.