སློབ་ཡོན།

ངེད་ལྷན་ཚོགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་སྡེ་ཚན་བརྒྱུད་བོད་ཀྱི་བུ་མོ་སློབ་མ་རྣམས་ལ་ཆེད་ལས་སློབ་སྦྱོང་གི་སློབ་ཡོན་ཕུལ་ནས་བུད་མེད་ཀྱི་ནུས་སྟབས་གོང་འཕེལ་གྱི་ལས་གཞི་ཞིག་རྒྱུན་འཁྱོངས་བྱེད་མུས་སུ་ཡོད་ལ། ལས་གཞི་དེ་ནི་༧སྤྱི་ནོར་གོང་ས་མཆོག་གིས་བོད་ཀྱི་བུད་མེད་རྣམས་ཤེས་ཡོན་སློབ་སྦྱོང་དང་ལྷན་དོན་ཆེད་ལས་པ་སྐྱེས་སྲུང་གིས་བུད་མེད་ཡར་རྒྱས་གོང་འཕེལ་གནང་ཐུབ་གནང་དགོས་པའི་བཀའ་སློབ་གནང་རྗེས་བཀའ་འབྲེལ་བཞིན་ལས་བསྟར་གཏན་འབེབས་གནང་པ་ཞིག་དང་། སློབ་ཡོན་མཁོ་འདོན་གྱི་ལས་རིགས་འདིར་དང་བླངས་ཞལ་འདེབས་དང་རོགས་ཕན་གནང་བློ་ཡོད་རིགས་རྣམས་ཀྱིས་དབུས་ལ་འབྲེལ་གཏུགས་གནང་སྐྱོང་ཡོད་པར་ཞུ། འབྲེལ་གཏུགས་བྱ་ཡུལ། twafellowship@gmail.com