Key activities, Other news, Other TWA news

༄༅།། བརྩེ་སེམས་ལྡན་པ་ Lal Qila བོད་མིའི་སུད་ཚོང་ཐུན་མོང་ལྷན་དྲུང་དུ་། ཆེད་འབུལ་

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཉིན་ལྡི་ལིའི་ (Lal Qila) བོད་མིའི་སུད་ཚོང་ཁྲོམ་རར་མེ་སྐྱོན་བྱུང་སྟེ་
ཁྲོམ་ས་ ༡༣༨ ཙམ་ཡོད་པའི་ཅ་དངོས་ཡོངས་རྫོགས་མེར་ཚིགས་ཏེ་ཤུལ་མེད་ཆགས་པ་ན། སྐབས་དེར་
བོད་ཀྱི་བུད་མེད་ལྷན་ཚོགས་ཡིན་ནའང་བློ་ཕམ་དང་ཡིད་སྐྱོ་པོ་བྱུང་ཞིང་། དེ་མ་ཐག་དབུས་རྒྱུན་ལས་ཁང་
ནས་ཟླ་ ༡༡ ཚེས་ ༡༡ ཉིན་བོད་མིའི་སྐྱིད་སྡུག་མཉམ་སྨྱོང་མཚོན་ཆེད་ཛ་དྲག་དཀའ་ངལ་སེལ་ཕྱིར་ཧིན་སྒོར་
ལྔ་ཁྲི་ཐམ་པ་ ༼༥༠,༠༠༠༽ སེམས་གསོ་དང་བཅས་འབུལ་ལམ་ཞུས་ཟིན་ཡིན། དེ་རྗེས་བུད་མེད་ལྷན་
ཚོགས་ཀྱི་ས་གནས་ཡོངས་ལ་འབྲེལ་བ་ཞུས་ནས་ཞལ་འདེབས་བསྡུ་འགོ་བརྩམས་པ་རེད། རིམ་པས་ཞལ་
འདེབས་བྱུང་བ་རྣམས་ད་རེས་འདིར་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་མཆོག་ས་གནས་ས་ཐོག་ (Lal Qila) ངོ་བཅར་
ཕེབས་སྟེ་བུད་མེད་ས་གནས་ཡོངས་ནས་གང་ཐུབ་ཞལ་འདེབས་ཕུལ་འབྱོར་བྱུང་བ་ཁྱོན་བསྡོམས་ཧིན་སྒོར་ ༼༦༤༣,༩༥༠༽
འབུམ་དྲུག་དང་བཞི་ཁྲི་གསུམ་སྟོང་དགུ་བརྒྱ་ལྔ་བཅུ་ཐམ་པ། དངུལ་འཛིན་ PNB – 47948, Cheque No. 788721 ཟླ་ ༡༢ ཚེས་ ༡༨ ཉིན་འབུལ་ལམ་ཞུས་ཐུབ་པ་བྱུང་ཡོད། དེ་དོན་དགོངས་འཇགས་ཞུ་།

བཞུགས་སྒར་རྡ་རམ་ས་ལ་ནས་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་
ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༩ ཉིན་བཟང་པོར་
ཕུལ།།