Announcement, News, Other news, Other TWA news, twa

28th Anniversary of the Arbitrary Detention and Enforced Disappearance of the 11th PanchenLama

༈ ཕྱི་ལོ་༢༠༢༣ ཟླ་༥ ཚེས་༡༧ ཉིན་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་(ཡོངས་བསྒྲགས་སུ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་)རྒྱ་ནག་དམར་གཞུང་གིས་བཙན་འཁྲིད་བྱས་ཏེ་ལོ་ངོ་༢༨ ཧྲིལ་པོ་འཁོར་བའི་དུས་ཚིགས་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིགས་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་གཏན་འཁེལ་ཡོད་ན། ལྡི་ལིར་བཞུགས་པའི་རྒྱ་ཆེ་མང་ཚོགས་རྣམས་རང་འགན་རང་འཁུར་གྱི་གོང་ཚེས་ཉིན་ལས་འགུལ་དུ་མཉམ།ཞུགས་ཡོང་བའི་འབོད་སྐུལ་ཞུ།

Leave A Comment

Your Comment
All comments are held for moderation.