དམིགས་ཡུལ་དང་དམ་བཅའ།


དམིགས་ཡུལ།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྤྱིར་རྒྱའི་བཙན་འོག་ཏུ་ཡོད་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་དང་ཡང་སྒོས་སུ་གཞིས་ལུས་བུད་མེད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་ངོས་ནས་གནོན་ཤུགས་སྟེར་རྒྱུར་འབོད་སྐུལ་བྱེད་ཀྱི་ཡོད་ལ། དེ་མཚུངས་སུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་བུད་མེད་ཚོར་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། འཕྲོད་བསྟེན། ཤེས་ཡོན་བཅས་ཀྱི་ནུས་སྟོབས་གོང་སྤེལ་གཏོང་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད།

ལྷག་པར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རང་རེའི་ཆོས་དང་རིག་གཞུང་། རྒྱུན་སྲོལ། སྐད་ཡིག་སོགས་སྤྱི་ཚོགས་ནང་གི་ཤེས་ཡོན་བརྒྱུད་ལམ་དང་ཡིག་ཆ་འགྲེམས་སྤེལ། གོ་རྟོགས་ལས་འགུལ་ཁག་བརྒྱུད་ནས་བདག་ཉར་རྒྱུན་འཛིན་བྱེད་ཀྱི་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཛམ་གླིང་གི་སྣེ་མོ་གསུམ་པ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་དེའི་ཆག་འཇིག་གི་ཛ་དྲག་གནས་སྟངས་ཐད་དུས་ཐོག་གི་གོ་སྐོན་ཡོང་སླད་རྒྱལ་སྤྱིའི་དོ་སྣང་བཀུག་ཐབས་ལ་འབད་བརྩོན་བྱེད་བཞིན་པ་མ་ཟད་རྒྱལ་སྤྱིའི་ནང་ལས་འགུལ་སྣ་མང་སྤེལ་གྱི་ཡོད།



དམ་བཅའ།

༡ གཞིས་ལུས་བོད་མིའི་ཆེད་དུ་འགྲོ་བ་མིའི་ཐོབ་ཐབ་རྩོད་ལེན།

༢ གཞིས་ལུས་བུད་མེད་ཆེད་སྐྱེ་སྒོའི་ཐོབ་ཐང་རྩོད་ལེན།

༣ བོད་ཀྱི་ཁོར་ཡུག་ལ་དྲང་བདེན་གྱི་བཏང་འཛིན།

༤ དབུ་མའི་ལམ་གྱི་ལྟ་གྲུབ་འོག་ནས་བོད་ལ་ཡང་དག་པའི་རང་སྲིད་རང་སྐྱོང་འཐབ་རྩོད་བྱེད་རྒྱུ།

༥ བཙན་བྱོལ་ནང་ནུས་སྟོབས་ལྡན་པའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་རྒྱུ།

༦ བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་ཆེད་ལས་པ་སྐྱེས་སྲིང་དང་གོང་སྤེལ་གཏོང་ཐབས་བྱ་རྒྱུ།

༧ བོད་པའི་འཐབ་རྩོད་ནང་བུད་མེད་ཀྱི་འགན་ཁུར་སྣེ་ཁྲིད་གནང་ཐུབ་གནང་རྒྱུ།