Facebook YouTube Flickr RSS Twitter announcement Twitter Declaration Issuuu support གཤམ་གྱི་སྤྱི་ཚོགས་འབྲེལ་མཐུད་ཀྱི་རྒྱུད་ལམ་དེ་དག་ལས་པར་རིས་དང་། གློག་བརྙན་སོགས་ལ་དགྱེས་གཟིགས་གནང་རོགས། གསལ་བསྒྲགས། འབྲེལ་བ། བསྒྲགས་གཏམ། ཡིག་ཆ། ངོ་དེབ། རྒྱབ་སྐྱོར། གློག་བརྙན། པར་མཛོད། ཨར་ཨིསི་ཨིསི། འཕྲུལ་སྒྲ།

སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་འདེམས་ཐོན་བྱུང།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་༢༨ ཉིན་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་འདེམས་ཐོན་བྱུང་བ་ལ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་། དམིགས་གསལ་གྱི་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་ལོ་རྒྱུས་ནང་འོས་བསྡུའི་འགན་འཛིན་དུ་བཙུན་མ་ཐེངས་དང་པོ་འོས་འདེམས་བྱུང་བར་འཚམས་འདྲི་གྲངས་མེད་ཞུ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་བརྒྱ་བཅུ་གྱ་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཡོངས་ནས་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།

༄༅།། འཇིག་རྟེན་མ་རིག་མུན་པ་གསལ་བའི་གཉེན། གསེར་གི་ཉི་མ་གངས་རིའི་འདབས་ནས་བཞད། བདག་ཅག་བོད་འབངས་ཆུ་སྐྱེས་པདྨའི་ཚོགས། ཆོས་སྲིད་དགེ་བའི་ལོ་འདབ་ལྷུག་པར་གྲོལ། ཞེས་བརྗོད་པ་སྔོན་བསུས་ཏེ་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག འཇིག་རྟེན་སྤྱི་དང་བོད་འབངས་ཡོངས་ཀྱི་མགོན་སྐྱབས་དགུང་གྲངས་བརྒྱ་བཅུ་གྱ་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཡོངས་ནས་ལག་པའི་སེར་མོ་སྙིང་ཁར་ཟུམ་སྟེ་དད་ཕྱག་གྲངས་མེད་སྒོ་ནས་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།

པཎ༌ཆེན༌སྐུ༌ཕྲེང༌བཅུ༌གཅིག༌པ༌དགེ༌འདུན༌ཆོས༌ཀྱི༌ཉི༌མ༌རིན༌པོ༌ཆེ༌མཆོག༌དགུང༌གྲངས༌ ༣༡ ལ༌ཕེབས༌པའི༌སྐུའི༌འཁྲུངས༌སྐར༌

༄༅། །པཎ༌ཆེན༌སྐུ༌ཕྲེང༌བཅུ༌གཅིག༌པ༌དགེ༌འདུན༌ཆོས༌ཀྱི༌ཉི༌མ༌རིན༌པོ༌ཆེ༌མཆོག༌དགུང༌གྲངས༌ ༣༡ ལ༌ཕེབས༌པའི༌སྐུའི༌འཁྲུངས༌སྐར༌ལ༌བོད༌ཕྱི༌ནང༌གཉིས༌སུ༌གནས༌པའི༌བུད༌མེད༌ཡོངས༌ཀྱི༌ཚབས༌ཞུས༌ཏེ༌བོད༌ཀྱི༌བུད༌མེད༌ལྷན༌ཚོགས༌ནས༌དགའ༌བསུའི༌འཚམས༌འདྲི༌བཀྲ༌ཤིས༌བདེ༌ལེགས༌ཞུ༌རྒྱུ༌དང༌། ང༌ཚོས༌ཁོང༌རྒྱ༌གཞུང༌གི༌ བཙོན༌འོག༌ནས༌མྱུར༌དུ༌གློད༌གྲོལ༌གྱིས༌ཚུར༌གདན༌ས༌བཀྲ༌ཤིས༌ལྷུན༌པོར༌༸ཞབས༌གསོལ༌འཁོད༌བའི༌སྨོན༌འདོན༌དང༌བཅས༎

བོད་ཀྱི་དཔའ་མོ་ཚོས་རང་དབང་སྒེར་ལངས་བྱེད་དེ་ལོ་ངོ་༦༡ཧྲིལ་པོ་འཁོར་བའི་དུས་དྲན།

དེ་རིང་གི་ཉིན་དེ་ནི་བོད་ཀྱི་དཔའ་མོ་ཚོས་རང་དབང་སྒེར་ལངས་བྱེད་དེ་ལོ་ངོ་༦༡ཧྲིལ་པོ་འཁོར་བའི་དུས་དྲན་དེར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་རྡ་ས་ས་གནས་བུད་མེད་ལྷན་ཚོགས་ནས་ལྷ་རྒྱ་རིར་གསང་གསོལ་དང་མཛད་སྒོ་གོ་སྒྲིག་ཞུས། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་སྒྲོལ་མ་གླིང་གི་འགན་འཛིན་སྤྱི་་ཟུར་སྣང་ས་ལགས་གཙོས་པའི་སྐུ་མགྲོན་ཁག་དང་། དབུས་ས་རྒྱུན་ལས་ཟུར་པ། མི་མང་བཅས་བཅར་ཐུབ་པ་བྱུང་། མཛད་སྒོ་སྒུབ་རྗེས་གཙུག་ལག་ཁང་ནས་མེག་གྷན་བར་གོམ་བགྲོད་ཞིག་གོ་སྒྲིག་ཞུས་ཡོད།