JOB OPPORTUNITIES

Tibetan Women’s Association is happy to welcome new eligible candidates for the post of Project Officer and Research and Media.
Please make your submission not later than midnight of Wednesday, 20th June 2018.

For further information, kindly go through below attachments.

 

༄༅། །ཕྱི་ལོ་༢༠༡༨ ཟླ་༡ ཚེས་༢༦ ཉིན་རྒྱ་གར་མང་གཙོ་དུས་དྲན་ཐེངས་༦༩ ཉིན་༸སྐུའི་བླ་སྨན་པ་ཟུར་པ་ལྷ་རྗེ་མཁས་དབང་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་དབུས་གཞུང་ནས་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་པདྨ་ཤྲི་(Padma Shri) ཕུལ་ཡོད་པ་དེ་ལྟར་གཏམ་བཟང་ཐོག་གཟི་བརྗིད་དང་དགའ་སྤོབ་ཆེན་པོས་ངང་རྟེན་འབྲེལ་འཚམས་འདྲི་ཆེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམས་མཇལ་བཅར་ཞུས་ཡོད།

༄༅། །ཕྱི་ལོ་༢༠༡༨ ཟླ་༡ ཚེས་༢༦ ཉིན་རྒྱ་གར་མང་གཙོ་དུས་དྲན་ཐེངས་༦༩ ཉིན་༸སྐུའི་བླ་སྨན་པ་ཟུར་པ་ལྷ་རྗེ་མཁས་དབང་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་དབུས་གཞུང་ནས་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་པདྨ་ཤྲི་(Padma Shri) ཕུལ་ཡོད་པ་དེ་ལྟར་གཏམ་བཟང་ཐོག་གཟི་བརྗིད་དང་དགའ་སྤོབ་ཆེན་པོས་ངང་རྟེན་འབྲེལ་འཚམས་འདྲི་ཆེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམས་མཇལ་བཅར་ཞུས་ཡོད།

Tibetan Women’s Association is happy to inform our members that this year we have witnessed the six nuns from different nunneries receiving the Geshema Degree from the minister of Department of Religion and Culture.

གཏམ་བཟང་ཞུ་རྒྱུར་སྐབས་གཉིེས་པའི་དགེ་བཤེས་མ་རྣམས་ཀྱིས་གཞུང་ཆེན་ཁག་ལ་དམ་འཇོག་བྱས་ནས་མཐའ་མའི་མཛད་སྒོ་ཕྱི་ལོ་༢༠༡༧ཟླ་༡༡ ཚེས་༤ ཉིན་སྔ་དྲོ་ཕྱག་ཚོད་༩ ཐོག་འཕགས་ཡུལ་བཙུན་དགོན་སྒྲོལ་མ་གླིང་དུ་ཚོགས་གཙོ་དང་ལྷན་རྒྱུན་ལས་རྣམས་ངོ་བཅར་ཞུས་ཐུབ་པ་བྱུང་ཡོད། ཕྱི་ཚེས་༦ ཉིན་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་ནས་དགེ་བཤེས་མ་རྣམས་ལ་ཕྱག་འགྱེར་གསོལ་རས་བཀའ་དྲིན་རྩལ་བས་མཛད་སྒོའི་ཐོག་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་མཆོག་དང་ཟུང་དྲུང་བསྟན་འཛིན་ཚེ་ལྷ་ལགས་གཉིས་རྟེན་འབྲེལ་ལེགས་སྐྱེད་དང་སྦྲགས་ངོ་བཅར་ཞུས་ཐུབ་པ་བྱུང་ཡོད།

 

Tibetan Women’s Association is happy to inform our members that this year we have witnessed the six nuns from different nunneries receiving the Geshema Degree from the minister of Department of Religion and Culture. It was a great feeling to see the nuns are getting empowered.

༄༅།། ད་ཟླའི་ཕྱི་ཟླ་༡༠ ཚེས་༢༣ ཉིན་བཀུར་འོས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབོད་སྐུལ་ཞུས་པའི་ཞུ་སྙན་ཕྱག་བྲིས་དང་། དེ་བཞིན་འབྲེལ་ཡོད་ཁག་ལ་ངོ་བཤུས་འཕུལ་ལམ་ཞུ་ཟིན་པས། ད་རེས་འདིར་མི་མང་ཡོངས་ལ་མཁྱེན་རྟོགས་ཆེད་ཡིན།

༄༅།། ད་ཟླའི་ཕྱི་ཟླ་༡༠ ཚེས་༢༣ ཉིན་བཀུར་འོས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབོད་སྐུལ་ཞུས་པའི་ཞུ་སྙན་ཕྱག་བྲིས་དང་། དེ་བཞིན་འབྲེལ་ཡོད་ཁག་ལ་ངོ་བཤུས་འཕུལ་ལམ་ཞུ་ཟིན་པས། ད་རེས་འདིར་མི་མང་ཡོངས་ལ་མཁྱེན་རྟོགས་ཆེད་ཡིན།

SOT Batch Admission Announcement

༄༅།།  བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ (བོད་ཀྱི་འཚེམ་བུ་) སྦྱོང་བརྡར་ཁང་ནང་གི་སྐབས་༡༥པའི་དུས་ཡུན་རྫོགས་ལ་ཉེ་བ་སོང་།

བོདཀྱི་འཚེམ་བུ་སྐབས་༡༦ སྦྱོང་བརྡར་ནང་འཛུལ་ཞུགས་གནང་འདོད་ཡོད་རིགས་ཕྱི་ལོ་༢༠༡༧ ཟླ་༡༠ ཚེས་༡ ནས་འགོ་འཛུགས་ཞུ་ཡི་ཡོད།

ཐོག་མ་བོད་ཀྱི་འཚེམ་བུ་ཁང་འགོ་འཛུགས་ཞུ་དོན་དམིགས་ཡུལ་ནི་བོད་ནས་གསར་དུ་ཕེབས་པས་བུད་མེད་ཉམ་ཐག་འཚོ་བ་དཀའ་ངལ་

ཅན་དང་བུད་མེད་ཁེར་རྐྱང་རྣམས་རང་ཁ་རང་གསོའི་མཐུན་འགྱུར་དམིགས་ཏེ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་གོ་སྒྲིག་ཞུས་པ་ཞིག

ཆགས་ཡོད།   

འོན་ཀྱང་ད་ལྟའི་འཆར་བོད་ནང་རྒྱ་དམར་གྱི་ཆབ་སྲིད་གནད་སྟངས་ཀྱི་འདམ་དྲག་དཀའ་ངལ་ལ་བརྟེན་བོད་མི་བཙན་བྱོལ

དུ་འབྱོར་མི་ཉུང་ཤས་ལས་མེད་ཙང་བོད་ཀྱི་འཚེམ་བུ་སྦྱོང་བརྡར་ཁང་ནང་ཟླ་བ་བཅོ་བརྒྱད་རིང་བུད་མེད་སུ་འཛུལ་ཞུགས་གནང་འདོད

ཡོད་པ་མི་གྲངས་༡༠ ལ་གོ་སྐབས་འབུལ་གྱི་ཡོད། བོད་ཀྱི་འཚེམ་བུ་ཁང་ནང་ཆ་ཤས་ལེན་འདོད་ཡོད་པ་ཚོར་ཁེ་ཕན་གང་ཡོད་གཤམ་གྱིས

གནད་དོན་ལ་ཐུགས་སྣང་དགོས་གལ་།

 

༡། བོད་པའི་ཕོ་མོའི་གྱོན་ཆས་ཆ་ཚང་དང་ཞོར་དུ་དགོས་མཁོ་ཁག་དྲ་འཚེམ་གཉིས་ཀ་རང་ཀྱ་ཕེར་བ་སློབ་འཁྲིད་ཞུ་ཡི་ཡོད།

༢། ཉིན་རེ་ཚུ་ཚོད་གཅིག་རིང་བོད་ཡིག དབྱིན་ཡིག ཨང་རྩིས་བཅས་གཞི་རིམ་ཚད་གཞི་སློབ་འཁྲིད་འབུལ་གྱི་ཡོད།

༣། ཟླ་རེ་འཚོ་གནོན་སྒོར་༢༤༠༠།རེ་འབུལ་གྱི་ཡོད།བཞུགས་ས་དང་ཞལ་ལག་སོགས་གང་ཡང་གོ་སྒྲིག་མེད།

༤། ཟླ་བ་བཅོ་བརྒྱད་རིང་འཚེམ་བུ་སྦྱོང་བརྡར་དང་འབྲེལ་བའི་དགོས་མཁོ་འཕྲུལ་ཆས་དང་རས་ལ་སོགས་པ་ཆ་ཚང་འབུལ་གྱི་ཡོད།

༥། ཟླ་བ་བཅོ་བརྒྱད་འཚེམ་བུ་སྦྱོང་བརྡར་ཟིན་པའི་རྗེས་ཚེམ་འཁོར་རེ་རང་སྒྲིག་འབུལ་གྱི་ཡོད།

༦། ཟླ་བ་བཅོ་བརྒྱད་འཚེམ་བུ་སྦྱོང་བརྡར་ཟིན་པའི་རྗེས་འགྲུབ་འབྲས་སོན་པ་རྣམས་ལ་ཕྱག་འཁྱེར་འབུལ་གྱི་ཡོད།

༧། འགྲུབ་འབྲས་སོན་པའི་རྗེས་སུ་ལས་ཀ་འཚོལ་ཐབས་འདི་ག་ལྷན་ཚོགས་ནས་ཕྱག་རོགས་ཞུ་ཡི་ཡོད།

 

དེར་བརྟེན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ (བོད་ཀྱི་འཚེམ་བུ་) ཁང་ནང་འཛུལ་འདོོད་ཡོད་རིགས་གཤམ་གྱི་དགོས་ངེས་ཅན་གྱིས་ཆ་རྐྱེན་ཚང་བའི་ཐོག་ཕྱི་ལོ་༢༠༡༧ ཟླ་༩ ཚེས་༡༥ མ་འགྱངས་བར་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།

 

༡། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོའི་མཚན་སྦྱང་ཐོག་དོ་བདག་གིས་ཕྱག་བྲིས།

༢། བོད་མི་དཔྱ་འཁྲལ་ལག་དེབ་ཀྱི་ཤོག་ལྷེ་དང་པོ་དང་མཐའ་མའི་འདྲ་བཤུས།

༣། རྒྱ་གར་ནང་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་འདྲ་བཤུས།

༤། སྨན་པ་ཚད་ལྡན་ནས་
བརྟག་དཔྱད་གནང་བའི་ཕྱག་འཁྱེར།

༥། དོ་བདག་རང་ཁུངས་ག་པར་ནས་ཡིན་ན་དེའི་རྒྱབ་གཉེར་ཕྱག་བྲིས།

༦། དོ་བདག་གི་འདྲ་པར་ཚད་གཞི་ཆུང་བ་གཉིས།

 

བོད་ཀྱི་འཚེམ་བུ་ཁང་འཛུལ་འདོད་ཡོད་རིགས་གློག་ཕྲིན་ཁ་བྱང་ twasot@gmail.com འདིའི་རྒྱུད་འབྲེལ་བ་གནང་
སྐྱོང་ཡོང་བ་ཞུ།

 

 བཅས་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༡༧ ཟླ་༥ ཚེས་༣༠ ཉིན་ལ།