རྒྱལ་སྤྱིའི་ལས་རིམ་ཁག་ལ་མཉམ་ཞུགས།


རྒྱལ་སྤྱིའི་ལས་རིམ་ཁག་ལ་མཉམ་ཞུགས།

[slickr-flickr tag=”international presence” items=”50″ type=”slideshow” align=”center” size=”big”]

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དུས་རྒྱུན་ནས་རང་རེའི་སྤྱི་ཚོགས་ཁྲོད་ཆབ་སྲིད་གོ་རྟོགས་སྤེལ་ཐབས་དང་བུད་མེད་ཀྱི་ནུས་སྟབས་གོང་འཕེལ་གཏོང་ཐབས་གཉིས་ལ་ཤུགས་གནོན་སྐྱོན་གྱི་ཡོད་པ་ལྟར། དམིགས་ཡུལ་དེ་གཉིས་ཀྱི་ཆེད་དུ་ལྷན་ཚོགས་འདི་ཉིད་ཀྱིས་གང་ཐུབ་ཀྱིས་རྒྱལ་སྤྱིའི་ཚོགས་འདུ་ཆེ་ཁག དཔེར་ན། ཁོར་ཡུག་དང་། ཕོ་མོ་དབྱེ་འབྱེད། སྤྱི་ཚོགས་གོང་འཕེལ་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཚོགས་འདུ་ནམ་འཚོགས་ལ་གོ་སྐབས་ལེན་ཐབས་གནང་བ་བཞིན།  སྔ་ཕྱི་རུ་དེ་རིགས་ཀྱི་ཚོགས་འདུ་གང་མང་ཞིག་ལ་མཉམ་ཞུགས་ཐུབ་ཡོད་ལ། གོ་སྐབས་དེ་དང་བསྟུན་རྒྱལ་ཁབ་འདྲ་མིན་གྱི་སྲིད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགུས་པ་ཁག་ལ་ཞུ་སྙན་འབུལ་བ་དང་། གསར་བགོད་གསར་བསྒྲགས་སྤེལ་པ་སོགས་ཀྱི་ཐབས་ལམ་གྱི་སྒོ་ནས་བོད་ཀྱི་རྩ་དོན་གཙོས། རྒྱ་དམར་གཞུང་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོ་བཏང་བའི་གནས་ཚུལ་རིགས་ཁྱབ་བསྒྲགས་དང་བོད་ཀྱི་འཐབ་རྩོད་ཐད་ལ་རོགས་རམ་འཚོལ་ཐབས་བྱེད་ཀྱིན་ཡོད། ལས་དོན་དེ་རིགས་སྤེལ་བའི་དཔེ་མཚོན་ཙམ་ཞུས་ན། དེའང་༡༩༩༤ལོའི་སྤྱི་ཟླ་ལྔ་བའི་ཚེས་པ་༡༢ནས་༣བའི་ཚེས་༡༢བར་གྱི་ལོ་ཧྲིལ་བོ་གཅིག་གི་རིང་དེ་རྒྱལ་སྤྱིའི་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཡི་ལོ་རུ་གཏན་འཁེལ་བ་བཞིན། ལོ་དེའི་སྔ་ཕྱི་བར་གསུམ་དུ་རྒྱལ་སྤྱི་རང་བཞིན་གྱི་འདུ་འཛོམས་བསྡུ་སྐོང་དང་། གློག་བརྙན་དུས་སྟོན་གོ་སྒྲིག  མང་ཚོགས་འདུ་འཛོམས་ཀྱི་གཏམ་བཤད་སྤེལ་བ་གཙོས། ལོ་དེར་རྒྱ་གར་གྱི་གྲོང་ཁྱེར་པོམ་པེ་རུ་བོད་ཀྱི་རིག་གཞུང་གི་དུས་སྟོན་སྐོང་ཚོགས་བྱས་ཡོད་པ་མ་ཟད།

སྤྱི་ལོ་༡༩༩༥ལོར་རྒྱལ་སྤྱིའི་སྐབས་བཞི་བའི་བུད་མེད་ཀྱི་ཚོགས་འདུ་རྒྱ་ནག་པེ་ཅིན་དུ་སྐོང་འཚོགས་གནང་བ་བཞིན། དབུས་བོད་ཀྱི་བུད་མེད་ཀྱི་ངོས་ནས་དེ་མཉམ་ཞུགས་གནང་ཐབས་བྱེད་ཀྱང་ཐོངས་ཆེན་མ་སྤྲད་སྟབས་ཐབས་ཤེས་འདྲ་མིན་བརྒྱུད། ས་ཁུལ་གཞན་ནས་བོད་ཀྱི་བུད་མེད་གང་མང་ཞིག་མཉམ་ཞུགས་བྱས་ཡོད་ལ། སྐབས་དེར་ཞུ་གཏུགས་ཀྱི་ལས་འགུལ་རྒྱ་ཆེན་ཞིག་གོ་སྒྲིག་ཞུས་ཐུབ་པ་བྱུང་བ་ལ་བརྟེན་ནས་ཁྱབ་བསྒྲགས་ཤུགས་ཆེར་བྱུང་ཞིང་རྒྱལ་སྤྱིའི་དོ་སྣང་སླེབས་ཡོད།