བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ནས་ཐེངས་འདིའི་ཚེམ་བུ་སློབ་གཉེར་བ་བསྡུ་འགོ་འཛུགས་ཡོད།

ཐེངས་འདིའི་ཚེམ་བུ་སྦྱོང་བརྡར་ལ་ཞུགས་བློ་ཡོད་མཁན་རྣམས་ལ་གཤམ་གྱི་ཆ་རྐྱེན་ཁག་འཛོམས་དགོས་ཡོད།

  • ཚོགས་གཙོའི་མཚན་ཐོག་ལ་ཕུལ་རྒྱུ་སྙན་ཞུ་དང་ལྷན་དུ།
  • དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས་དང་།
  • བདེ་དོན་ལས་ཁུངས་ཀྱི་ངོ་སྤྱོར་ཡི་གེ
  • རྒྱ་གར་ནང་བསྡད་ཆོག་པའི་ལག་ཁྱེར་(RC)གྱི་ངོ་བཤུས།
  • ལུས་ཕུང་བདེ་ཐང་གི་ངོ་སྤྱོར་ཡི་གེ
  • སོ་སོའི་ཕྱེད་པར་ཅིག་བཅས་སོ།

གོང་གི་ཆ་རྐྱེན་འཛོམས་རིགས་ཀྱི་ངེད་ལྷན་ཚོགས་ཀྱི་གློག་ཀླད་ཁ་བྱང་twasot@gmail.comའམ་ཡང་ན་རྡ་སའི་དབུས་བུད་མེད་སྤྱི་ཁྱབ་རྒྱུན་ལས་ཁུངས་ལ་ཕྱི་ཟླ་དགུ་པའི་ཚེས་༢༥འགྱངས་མེད་སྙན་ཞུ་འབུལ་གནང་ཡོད་པར་ཞུ།

ཟུར་མཆན། 

བོད་ནས་གསར་དུ་འབྱོར་མཁན་ལ་གོ་སྐབས་གཙོ་འབུལ་གནང་རྒྱུ་ཡིན་ན་དེའི་དོན་དགོངས་འཇགས་ཡོད་པ་ཞུ།

 

 

 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཉིན་ལྔའི་རིང་སྦྱོང་བརྡར་ཟབ་སྦྱོང་དེ་རིང་མཇུག་སྒྲིལ་བ་བྱས་ཡོད།

འཛུལ་ཞུགས་པ་དྲུག་བཅུ་བོས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་དང་ཁྲིམས་དོན་ནུས་སྟོབས་གོང་སྤེལ་ཐད་ལ་ཤུགས་གནོན་རྒྱག་རྒྱུའི་དམ་བཅའ་བཞག

དེ་རིང་སྤྱི་ལོ་༢༠༡༤།༨།༧ཉིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཉིན་ལྔའི་རིང་གི་༼སྦྱོང་བརྡར་བ་རྣམས་ལ་སྦྱོང་བརྡར་༽ཅེས་སྦྱོང་བརྡར་ཟབ་སྦྱོང་དེ་ཉིད་ཀྱི་མཇུག་སྡོམ་སྟེང་། སྐྱེས་པ་ཕོ་བརྒྱད་ཀྱིས་ང་ཚོའི་སྤྱི་ཚོགས་ནང་༼བདེ་འཇགས་ཀྱི་ཁོར་ཡུག་༽བསྐྲུན་ལྷད་ཤུགས་གནོན་དང་ཡར་རྒྱས་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུའི་དམ་བཅའ་བཞག་པ་ཇི་བཞིན།

Trainee with a pledge_ Tibetanདམ་བཅའ་ལེན་མཁན་དྲུག་བཅུ་བོས། སོ་སོ་སྒེར་གྱི་བསམ་བློའི་ཁྱེར་སྲོལ་དང་། ཕོ་མོ་དབྱེ་འབྱེད་ཀྱི་དཀའ་གནད་དང་དེའི་གོ་རྟོགས་སྤེལ་རྒྱུའི་གལ་གནད་ལ་གཅིག་འགྱུར་གྱི་ལྟ་སྟངས་བྱུང་ཡོད།

Building testimoniesདགུང་ལོ་༤༥ཅན་གྱི་ཨ་ཅག་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་༼ངས་དེ་རིང་ནས་བཟུང་ཁོ་དང་མོ་སུ་ཡིན་རུང་། ཕོ་མོའི་གི་འདུ་ཤེས་སྟེང་ནས་མི་ལྟ་བར། དེ་བས་སུ་ཡིན་རུང་། འགྲོ་བ་མི་ཡིན་པ་དང་ཚང་མ་ལ་འགྲོ་བ་མིའི་ཆེས་སྤྱིར་སྟངས་ཀྱི་ཐོབ་ཐང་ཁག་ལ་ལོངས་སྤྱོད་ཀྱི་ཁེ་དབང་དང་ཐོབ་ཐང་གཅིག་མཚུངས་ཡོད་པར་ངོས་འཛིན་ཞུ་ཡི་ཡིན་ཞེས་དང་། ཁས་ལེན་དམ་བཅའ་བཞག

དགུང་ལོ་༢༣ དང་སློབ་ཕྲུག་སློབ་མ་ཕུན་ཚོགས་རྡོ་རྗེ་ལགས་ཀྱིས་༼ངས་ཆགས་སྲེད་ཀྱི་གནོད་འཚེ་འཐེབ་མཁན་སུ་ཡིན་རུང་སྲུང་སྐྱོབ་དང་རོགས་རམ་བྱ་ངེས་ཡིན་ལ། དེ་བས་བུད་མེད་ལ་འཚེ་བའི་རིགས་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་གསུང་པ་ཇི་བཞིན། ཐེངས་འདི་ཟབ་སྦྱོང་ལ་འཛུལ་ཞུགས་གནང་མཁན། ཁྲིམས་ལུགས་སློབ་མ། ཆབ་སྲིད་ལས་འགུལ་བ། ན་གཞོན་ཆེད་ལས་པ་དང་། ས་གནས་བུད་མེད་ཚོགས་པའི་རྒྱུན་ལས་དང་ཚོགས་མི། གཙུག་ལག་སློབ་གཉེར་ཁང་གི་ལས་བྱེད་བཅས་ཕྱོགས་ཡོངས་ནས་ཕེབས་མཁན་ཁོང་ཚོས་ཁོང་ཚོ་ལ་༼ལག་ལེན་གྱི་དཔའ་བོ་༽མིང་བྱང་འོག་ནས་ཆགས་སྲེད་ཀྱི་གནོད་འཚེ་ལ་ངོ་རྒོལ་དང་ལག་ལེན་སྟེང་ནས་དེ་རིགས་འགོག་ཐབས་གནང་གི་ཡིན་པའི་ཁས་ལེན་བྱས།

ཟབ་སྦྱོང་གི་ཉིན་བཞི་བར་སྦྱོང་བརྡར་གྱི་ཆ་ཤས་ཀྱི་ལེན་མཁན་ཡོངས་ལ་༸གོང་ ས་མཆོག་ལ་མཇལ་བཅར་གོ་སྐབས་བྱུང་བ་དང་། མཇལ་ཁའི་སྐབས་སུ་༸གོང་ས་མཆོག་གིས་༼འདི་ལྟ་བུ་ཁྲིམས་དོན་ནུས་སྟོབས་གོང་སྤེལ་ གྱི་ཟབ་སྦྱོང་རིགས་མུ་མཐུད་སྤེལ་གནང་དགོས་རེད་ལ། བུད་མེད་གཅིག་པུར་མ་ཡིན་པར་སྐྱེས་པ་ཕོ་ལའང་དེ་མཚུངས་སུ་གོ་རྟོགས་སྤེལ་དགོས་ རེད། སྤྱི་ཚོགས་ཀྱི་ཕོ་དང་བུད་མེད་གཅིག་པུར་ཕན་ཐོགས་སྒྲུབ་པ་ཙམ་མ་ཡིན་པར། མ་གྱུར་སེམས་ཅན་ཐམས་ཅན་ལ་ཕན་པ་སྒྲུབ་ཐབས་གནང་དགོས་༽ཞེས་བཀའ་སློབ་ལམ་སྟོན་ གནང་།
with His Holinessཡང་སྔོན་འགྲོའི་ཉིན་དང་བོར་༸དཔལ་རྒྱལ་བ་ཀརྨ་པ་མཆོག་དང་མཇལ་བཅར་གོ་སྐབས་ཀྱང་ཐོབ་པ་དང་བསྟུན། ༸དཔལ་ཀརྨ་པ་མཆོག་ནས་མཇལ་བཅར་རྣམས་དང་ཕོ་མོ་ངོ་རྟགས་སྐོར་ལ་གྲོས་བརྡར་གླེང་མོལ་གནང་བ་མ་ཟད། ༸ཁོང་ནས་ཁོང་གི་ངོས་ནས་ནང་བསྟན་ཆོས་ལུགས་ཀྱི་ཆོ་ཁ་དང་ཕྱག་ལེན་ཁྲོད་ན་ཕོ་མོ་དབྱེ་འབྱེད་ཏོག་ཙམ་ཡོད་པའི་དོ་སྣང་བྱུང་མྱོང་ཡོད་པའི་དགོངས་འཆར་གསུང་བ་མ་ཟད། ༸ཁོང་ནས་འཛུལ་ཞུགས་པ་རྣམས་ཀྱིས་མཐོང་རྒྱ་དང་ཐོས་རྒྱ་སྐྱེད་ནས་སྤྱི་ཚོགས་གཞན་དང་གཞན་གྱི་སླད་དུའང་རོགས་ཕན་དང་ཐུགས་ཁུར་གནང་འོས་པ་དང་། བུད་མེད་ཚོགས་སྡེ་གཞན་དང་མཉམ་རུབ་ཀྱི་ཕྱག་ལས་གནང་ཐབས་གནང་དགོས་ཞེས་བཀའ་སློབ་ལམ་སྟོན་གནང་།

With Gyalwa Karmapa

ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མཇལ་བཅར་སྐབས། ཁོང་གིས་ཉེ་ལམ་ང་ཚོའི་སྤྱི་ཚོགས་ནང་ལོ་ན་ཆུང་བའི་བྱིས་པ་འགའ་ལ་ཆགས་སྲེད་ཀྱི་གནོད་སྐྱོན་བྱུང་བ་འདི་ནི་མི་སྤྱོད་ལས་འདས་པ་ཞིག་དང་། ཕོ་མོ་དང་ལྷག་པར་བཟའ་ཚོའི་བར་གྱི་དཀའ་གནད་འདི་རིགས་འབྱུང་རྐྱེན་དང་དེ་རིགས་འབྱུང་འགྱུར་མི་བྱུང་པའི་སྔོན་འགོག་དགོས་ཚུལ་གྱི་བཀའ་མོལ་ཡུན་རིང་གནང་ཞིང་། ཡང་ཁོང་གིས་༼གནས་ཚུལ་འདི་རིགས་ལ་བཟོད་སྒོམ་གུ་ཡངས་གཏན་ནས་མེད་ལ། དེ་བས་ཉེས་དོན་ཐད་ཀར་ཁྲིམས་ཁར་བསྐྱལ་ཡ་རང་རེད་༽ཅེས་གསུངས།

with Sikyong Dr. Lobsang Sangay

IMG_6039གཞན་མཛད་སྒོའི་སྐུ་མགྲོན་ཏུ་ཕེབས་པའི་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༼ཁྲིམས་དོན་གྱི་ལས་གཞི་འདི་རིགས་དང་། ལྷག་པར་ཆགས་སྲེད་ཀྱི་གནོད་སྐྱོན་དང་ཉེས་ཁྲིམས་དེ་རིགས་སྐྱེས་པ་མོ་ལས་ཕོ་ལ་མང་ཙམ་གོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་གལ་ཆེན་རེད་༽ཅེས་གསུངས།

ཐེངས་འདིའི་ཟབ་སྦྱོང་བརྒྱུད། ཕོ་མོ་དབྱེ་འབྱེད་ཅེས་པའི་གོ་དོན་གསལ་བཤད་དང་། ལོ་རྒྱུས་ཀྱི་འཕེལ་རིམ། ཡང་རང་དང་གཞན་ཡར་རྒྱས་གཏོང་སྟངས་དང་བདེ་ཐང་ཅན་སྤྱི་ཚོགས་བསྐྲུན་ཐབས་ལ་དམིགས་ནས། སྤྱི་ཚོགས་ཚན་རིག་པ་དང་། བུད་མེད་རིང་ལུགས་པ་དང་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་གནད་ཟབ་ཁྲིད་པ་ལྕམ་ཀརྨ་ལ་བྷན་སན་མཆོག་དང་། སྒྱུ་རྩལ་བ་དང་བུད་མེད་རིང་ལུགས་སྨྲ་བ་ལྕམ་སྐུ་ཇསུམིན་པ་ཐི་ཅ། བུད་མེད་ནུས་སྟོབས་གོང་འཕེལ་གྱི་ལས་འགུལ་བ་དང་བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་བཅས་ཀྱིས། སྤྱི་ཚོགས་སྟེང་ནས་ཆགས་སྲེད་ཀྱི་གནོད་འཐེབ་མཁན་སྐྱེས་པ་དང་བུད་མེད་རྣམས་ཀྱི་དཀའ་གནད་སེལ་སྟངས་བཅས་ཀྱི་སྐོར་དང་། ལྷག་དོན་རང་ཉིད་ཀྱི་སྙིང་སྟོབས་དང་འདུན་པ་སོགས་རྒྱ་བསྐྱེད་གནང་སྟངས་བཅས་ཀྱི་ལག་སྟེར་དང་དཔེ་མཚོན་ལམ་ནས་སློབ་སྟོན་གནང།IMG_6195

གཞན་ཟབ་སྦྱོང་འདིའི་དགོས་དམིགས་གཙོ་ནི། རྒྱ་གར་གྱི་ཁྲིམས་ཁ་ནས་བུད་མེད་དང་བྱིས་པ་སྲུང་སྐྱོབ་ཀྱི་ཁྲིམས་རྩ་གང་ཡོད་ངོ་སྤྲོད་དང་། དེ་ཉིད་བེད་སྦྱོད་གཏོང་སྟངས། ལག་བསྟར་བརྡ་འདེད་གཏོང་སྟངས་བཅས་ཡིན་པ་བཞིན། ༼རྒྱ་གར་ཁྲིམས་ཁ་ན་བུད་མེད་དང་བྱིས་པ་སྲུང་སྐྱོབ་གང་ཡོད་པ་ངོ་སྤྲོད་ཀྱི་རྒྱུན་སྤྱོད་ལག་དེབ་༽ཅེས་དབྱིན་བོད་གཉིས་ནང་ཡོད་པའི་ལག་དེབ་ཅིག་ཀྱང་པར་སྐྲུན་འགྲེམས་སྤེལ་ཞུས།

 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ད་ལོ་༢༠༡༣་ནས་གལ་གནད་དུ་བཟུང་ནས་ཁྲིམས་དོན་གོང་འཕེལ་གྱི་ལས་གཞི་གལ་གནད་དུ་བཟུང་ནས་གལ་གནད་དུ་བརྩིས་ནས་འཛུལ་ཞུགས་པ་རྣམས་ལ་ཁྲིམས་དོན་ཀྱི་སྦྱོང་བརྡར་ཟབ་སྦྱོང་ཐོབ་པའི་དཔང་རྟགས་ལག་ཁྱེར་ཡང་སྤྲོད་ཀྱི་ཡོད། དེ་ལྟར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཟབ་སྦྱོང་འདི་དང་། བྱེ་བྲག་ཁྲིམས་དོན་གྱི་སྦྱོང་བརྡར་སྤྲོད་ས། ཚོགས་སྡེ་དང་སྒེར་གང་ཡིན། རང་རེའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁ་འབུགས་ཡར་རྒྱས་གཏོང་ཐད་ལ་སྨན་པའི་རེ་བ་བཅོལ་གྱི་ཐོག སྤྱི་ཚོགས་ཀྱི་དཀའ་གནད་འདི་རིགས་ལ་གཡོ་ཐབས་དང་སྣང་ཆུང་གནང་བའི་བྱེད་བབ་ཁག་རྒྱུན་གནས་དང་གསོར་འཇོག་བྱེད་འདོད་མེད་པ་བཅས་སོ།IMG_9505

 

འབྲེལ་བ་གནང་ས།
ཚོགས་གཙོ་བཀྲ་ཤིས་སྒྲོལ་མ། ༩༤༥༩༥༥༣༩༥༣
ནུས་སྟོབས་གོང་འཕེལ་གྱི་འགན་ཁུར་བ་རྡོ་རྗེ་སྐྱིད། ༩༨༨༢༦༤༦༧༨༨

 

 

 

འཚེམ་བཟོ་དགེ་རྒན་གྱི་ལས་ཀའི་ས་དམིགས་གསལ་བསྒྲགས།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་༼བོད་ཀྱི་འཚེམ་ཁང་༽ཞེས་པའི་ལས་གཞི་འོག་འཚེམ་བཟོ་རྒན་ཞིག་གི་ལས་ཀའི་ས་དམིགས་གསལ་བསྒྲགས་སྐྱོང་གི་ཡོད།

བོད་ཀྱི་འཚེམ་ཁང་ལས་གཞི་འོག་ཏུ་ལོ་རྒྱུན་བཞིན་བུད་མེད་བཅུ་ལ་དུས་ཡུན་ཟླ་ ༡༨རིང་དུ་འཚེམ་ལས་ཀྱི་སློབ་སྦྱོང་སྤྲོད་ཀྱི་ཡོད།

འཚང་སྙན་འབུལ་མཁན་གྱི་འོས་ཆོས། 
• ངེས་པར་དུ་བོད་ཀྱི་བུད་མེད་ཅིག་ཡིན་རྒྱུ།
• དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས་དང་
• རྒྱ་གར་ནང་བསྡད་ཆོག་པའི་ལག་ཁྱེར་(RC)གྱི་ངོ་བཤུས།
• མ་མཐར་ཡང་ལོ་གཅིག་གི་འཚེམ་བུའི་ལས་ཀའི་ཉམས་མྱོང་ཡོད་མཁན་ཞིག་ཡིན་པ། 
• སོ་སོའི་ཕྱེད་པར་ཅིག་བཅས་སོ།


འཚེམ་བུ་སློབ་ཁྲིད་བྱས་པའི་ཉམས་མྱོང་ཡོད་མཁན་ལ་གོ་སྐབས་འབུལ་རྒྱུར་དམིགས་བསལ་ཡོད། 

སྤྱི་ཟླ་༨ཚེས་༢༢བར་སྙན་ཞུ་འབུལ་ཟིན་པ་དགོས།

དོགས་འདྲི་ཡོད་རིགས་ཀྱི་འབྲེལ་གཏུགས་ཁ་བྱང་།
Email: twasot@gmail.com
Phone: 91-1892-221527

གོང་གི་ཆ་རྐྱེན་འཛོམས་རིགས་ཀྱི་ངེད་ལྷན་ཚོགས་ཀྱི་གློག་ཀླད་ཁ་བྱང་ 
twasot@gmail.com འམ་ཡང་ན་རྡ་སའི་དབུས་བུད་མེད་སྤྱི་ཁྱབ་རྒྱུན་ལས་ཁུངས་ལ་འབུལ་གནང་ཡོད་པར་ཞུ།

 

 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལ་དྭགས་ནས་ལས་འགུལ་ཁག་མཇུག་སྒྲིལ་།

སྤྱི་ ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ ནས་ ༡༤ བར་ལ་དྭགས་ཞི་བའི་ཚལ་དུ་༧གོང་ས་༧སྐྱབས་ཆེན་པོ་མཆོག་གི་ཞལ་སྔ་ནས་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་བཀྲིན་སྩོལ་བའི་སྐབས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ཀྱིས་གོ་སྒྲིག་འོག་ས་གནས་ཁག་༣༠ ནས་ཕེབས་པའི་ས་རྒྱུན་ ཚོགས་གཙོ་དང་རྒྱུན་ལས་བཅས་ཁྱོན་བསྡོམས་བུད་མེད་ ༡༦༠ ་ཙམ་གྱིས་སྤྱི་ཚོགས་ཞབས་ཞུའི་ཁུར་འགན་ཆེ་གྲས།  སྐུའི་ཉེན་སྲུང་དང་འབྲེལ་བའི་ལུས་བཤེར་དང་། གསལ་བསྒྲགས། བུད་མེད་དཀའ་ངལ་འཕྲད་པར་རོགས་སྐྱོར། འཕྲོད་བསྟེན། ཆོས་རྭའི་ནང་སྒྲིག་ཁྲིམས་ལྟ་རྟོག། ཆོས་ཞུ་བའི་དེབ་སྐྱེལ། ཆོས་རྭའི་ནང་གཙང་བཟོ། སྣེ་ལེན་བཅས་ཀྱི་ཐོག་འཁུར་ལེན་ལས་འགན་ཚགས་ཚུད་ཞུས་ཁག་ཟླ་འདིའི་སྤྱི་ཚེས་  ༡༥ ཉིན་ཡོངས་སུ་མཇུག་སྒྲིལ་བྱས་ཡོད།  10421207_10152144777451770_1923214857190397851_nདེའང་ཟླ་འདིའི་སྤྱི་ཚེས་༥ཉིན།  ༼བོད་ཀྱི་བུད་མེད་ཀྱིས་བཙན་བྱོལ་མང་གཙོའི་ཆབ་སྲིད་ཀྱི་ཆ་ཤས་བླངས་པའི་ཤུགས་རྐྱེན་༽ཞེས་མང་གཙོ་བགྲོ་གླེང་གོ་སྒྲིག་ཅིག་ཞུས་ཐོག བགྲོ་གླེང་བ་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་དང་། བུད་མེད་ནུས་སྟོབས་གོང་སྤེལ་གྱི་ལས་འགུལ་བ་ཤར་གླིང་ཟླ་སྒྲོན་མཆོག རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་ལྟེ་གནང་ཁང་གི་ཨེ་ཤ་ཡའི་འགན་ཁུར་ལས་བྱེད་དང་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ལས་འགུལ་བ་བསྟན་འཛིན་དཔལ་སྐྱིད་མཆོག་བཅས་ཀྱིས་གོང་གི་བརྗོད་གཞིའི་སྟེང་གཏམ་བཤད་སྤེལ།

10544336_10152144777561770_8226242263665996860_n

སྤྱི་ཚེས་༧་དང་༨་ཉིན་གཉིས་རིང་། བུད་མེད་ཀྱི་འཕྲིན་བསྟེན་བསྟེན་ཕྱོགས་སྐོར་ལ་ཆེད་མཁས་པ་ཨམ་ཆི་ལྷ་སྒྲོན་མཆོག་དང་། ཨམ་ཆི་ཚེ་རིང་ལྷ་སྒྲོལ་མཆོག་གཉིས་ཀྱིས་བུད་མེད་རྣམས་ལ་བུད་མེད་ཀྱི་སྐྱེས་འཕེལ་ནུས་སྟོབས་ངོ་སྤྲོད་གཙོས། བུ་ཕྲུག་སྐྱོང་སྟངས། མངའ་སྦྲུམ་གྱི་གནས་སྐབས་དང་བཙས་རྗེས་ཀྱི་འཕྲོད་བསྟེན་གནང་ཕྱོགས་ཅི་དགེ་སྐོར་གྱི་ངོ་སྤྲོད་སྦྱོང་བརྡར་ཕུལ་ཐུབ་བ་བྱུང་ཡོད།

10529600_823829337629082_944229822_n 10524482_823829487629067_1684432154_n

སྤྱི་ཚེས་༡༣ཉིན། ༼བོད་འཛམ་གླིང་གི་སྣེ་གསུམ་པ་དང་ཨེ་ཤ་ཡའི་བརྟན་ལྷིང་༽ཞེས་རྒྱལ་སྤྱིའི་གནས་རིམ་ཅན་གྱི་བགྲོ་གླེང་གོ་སྒྲིག་ཐོག་རྒྱལ་ནང་དང་རྒྱལ་སྤྱིའི་ཁག་ནས་རྟགས་མ་གང་མང་ཐོབ་གནང་མཁན་ཁོར་ཡུག་སྐོར་གྱི་ཆེད་མཁས་པ་སྐུ་ཞབས་ཚེ་དབང་ནོར་འཕེལ་ལགས་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་སྐུ་ཞབས་སྤེན་པ་རྒྱལ་མཚན་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་གཞོན་པ་ཤར་གླིང་ཟླ་སྒྲོན་བཅས་ཀྱིས། དུས་ཡུན་ཆུ་ཚོད་གཉིས་རིང་ལ་བོད་ཀྱི་ཁོར་ཡུག་འགྱུར་ལྡོག་དང་དེས་ཨེ་ཤ་ཡ་སྤྱིའི་མ་འོངས་པར་དངངས་འཚབ་ཅི་བསྐྲུན་སྐོར་གྱི་སྦྱོང་བཤད་གོ་བསྡུར་གནང་ཡོད།

10479930_10152144777271770_7965036800304750838_o

བོད་ཀྱི་བུད་མེད་ལྷན་ཚོགས་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་བུད་མེད་རྐྱང་བའི་ཚོགས་པ་གཅིག་པུ་དང་། བཙན་བྱོོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་གཉིས་པ་དེ་ཆགས་ཡོད། སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ཁྱབ་ཁོངས་འོག་འཛམ་གླིང་གླིང་ཕྲན་བཞི་༼ཨེ་ཤེ་ཡ་དང་།ཨ་རི།ཡུ་རོབ།ཨོ་སི་ཊེ་ལི་ཡ།༽ནང་ས་གནས་ཡན་ལག་ཁག་༥༦ཡོད་པ་དང་།ཚོགས་མི་༡༧༠༠༠ལྷག་ཡོད།

བུད་མེད་ཀྱི་ནུས་སྟོབས་སྲ་འཐས་བཟོས་པ་ནི་འགྲོ་བ་མིའི་རིགས་ཀྱི་ནུས་པ་གོང་འཕེལ་གྱི་མ་གདན་ཡིན།

སྤྱི་ལོ་༢༠༡༣ཟླ་༡༢ཚེས་༣༡ཉིན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡི་རང་བྱུང་དགའ་ཚལ་ཞེས་པའི་ཚོགས་ཁང་དུ་ཐེངས་བཞི་བའི་བུད་མེད་ཀྱི་ཚད་མཐོའི་ནུས་སྟོབས་གོང་འཕེལ་ཞེས་པའི་བདུན་ཕྲག་གཅིག་རིང་གི་ཟབ་སྦྱོང་མཇུག་སྒྲིལ་ཡོད། ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་གྱི་ས་ཁུལ་མ་འདྲ་བ་ནས་བོད་ཀྱི་བུད་མེད་༣༨གྱིས་འཛུལ་ཞུགས་ཆ་ཤས་བླངས་ཡོད།

མཇུག་སྡོམ་ཉིན་མོ་དེར་༼ཞི་བདེ་འཛུགས་སྐྲུན་དང་བརྟན་ལྷིང་ལྟ་སྲུང་ལས་དོན་ནང་བུད་མེད་ཀྱི་བྱེད་སྒོ་༽ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གིས།  བགྲོ་གླེང་གཏམ་བཤད་གནང་མཁན་ནི། རྒྱ་གར་བློན་ཆེན་ཟུར་བ་དང་ད་ལྟའི་གྲོས་ཚོགས་ཀྱི་འཐུས་མི་ཤཱིརི་མལཱི་ཤིང་ཀར་ཨརྱ་དང་། འབར་མའི་ལྟེ་གནས་ཁང་གསར་བཙུགས་མཁན་དང་ཆབ་སྲིད་ལས་འགུལ་བ་འབུམ་རམ་པ་ཨ་ལ་ན་གྷོ་མེ་མཆོག་དང་། ཀ་ཤི་མི་རི་ནས་ཡིན་པ་རྩོམ་པ་པོ་དང་གསར་འགོད་པ་སོབ་ཛན་མ་ཤི་ཊཀ་མཆོག་བཅས་གསུམ་ཡིན། ཆུ་ཚོད་གཉིས་རིང་གི་བགྲོ་གླེང་གཏམ་བཤད་འདིའི་མདོ་འཛིན་པ་ཤར་གླིང་ཟླ་སྒྲོན་ལགས་ཀྱི་ཏིང་འཛིན་འོག འཛམ་གླིང་གཙོས་བོད་དང་རྒྱ་གར། སེ་རི་ཡའི་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སླད་དུ་བུད་མེད་ཀྱི་བྱེད་སྒོ་དང་ནུས་པ་གང་ཞིག་འདོན་དགོས་ངེས་དང་བཏོན་ཐུབ་སྐོར་གྱི་གོ་རྟོགས་གཏམ་བཤད་གནང་ནས། ཆ་ཤས་ལེན་མཁན་རྣམས་ལ་ཐུགས་ཕན་གསོས་པ་བྱུང་ཞིང་།  དེ་བཞིན་ཟབ་སྦྱོང་འདིའི་སྦྱོང་བརྡར་གནང་མཁན་ཟབ་ཁྲིད་པ་གཙོ་གྲས་སུ། ཧོ་ལེ་སི་ཀྲི་ཐབས་བཅོས་སྦྱོང་བརྡར་ཁང་གི་འགན་འཛིན་ལེན་ཊ་ལེབ་ཅ་ལགས་དང་། བོད་མི་མང་སྤྱི་འཐུས་དང་རྒྱལ་སྤྱིའི་འབྲེལ་མཐུད་ཁང་གི་འགན་འཛིན་ཤར་གླིང་ཟླ་སྒྲོན་ལགས། མགོ་ཁྲིད་ཟབ་ཁྲིད་ཆེད་ལས་པ་ཇ་ཡ་ལེཡ་ལགས་བཅས་ཀྱིས། དགག་སྒྲུབ་ཀྱི་བསམ་བློ་གཏོང་སྟངས་དང་། སྒེར་གྱི་ནུས་པ་ཕྱིར་འདོན་བྱེད་སྟངས། སྤྱི་ཚོགས་འབྲེལ་ལམ་གྱི་འཐབ་ཇུས་གཙོས་འགན་ཁུར་སྣེ་ཁྲིད་ཀྱི་འཐབ་ཇུས་སྐོར་ཡིན་ལ། སྦྱོར་བརྡར་གྱི་སྐབས་སུ་སྤྱི་ཚོགས་ནང་དུ་མཉམ་བཞུགས་དང་། སྲིད་དོན་པར་ཞུ་གཏུགས་བྱས་པ། ཨན་ཊེ་ཀྲེ་བེ་ཡི་བགྲོ་གླེང་གི་ཆ་ཤས་ལེན་པའི་གོ་སྒྲིག་གནང་ཐུབ་པ་བྱུང་བ་མ་ཟད།

ཟབ་སྦྱོང་གི་ཆ་ཤས་སུ་གྱུར་བ། ཟླ་བཅུ་གཉིས་པའི་ཚེས་༢༦ཉིན། འཛུལ་ཞུགས་མ་རྣམས་ཀྱིས་རང་འགུལ་ཐོག་ཞུ་གཏུགས་ལས་འགུལ་ཞིག་སྤེལ་བར་ཧ་ཅང་ལམ་འགྲོ་བྱུང་ཞིང་། ཉིན་དེར་ཞུ་གཏུག་སྙན་ཞུ་དེར་མཚན་རྟགས་མཁན་གྲས་སུ་རྒྱ་གར་ཆབ་སྲིད་མགོ་འཁྲིད་དང་ཆབ་སྲིད་ཚོགས་པའི་འཐུས་ཚབ་སོགས་སྐད་གྲགས་ཅན། གངས་རི་སི་ཆབ་སྲིད་ཚོགས་པའི་འཐུས་ཚབ་ཤཱིརི་པཀཊ་ཇརན་དྷསི་ (Shri Bhakta Charan Das, Lok Sabha Member of Parliament representing Congress party)དང་། གྲོས་ཚོགས་འཐུས་མི་ཤཱིརི་ཨིཊིར་སིན་ནམདན་དང་( Shri Inder Singh Nomdhan, an independent Lok Sabha Member of Parliament,)དང་། པེ་ཇེ་པི་ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་མེནག་ཤི་ལགཧེ་(Meenakshi Lakhi, Politician, Lawyer and National Spokesperson for Bharatiya Janata Party (BJP),དང་གཙོས་ཆབ་སྲིད་འགོ་ཁྲིད་མང་བོ་དང་། རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་ཤཱི་རི་པོ་རན་མལ་སནཧ་ནི་དང་། ཤཱི་རི་རན་པེར་ཡ་དྷེཧྥེ་རྣམ་གཉིས་ཀྱང་རྒྱབ་སྐྱོར་མཚོན་པའི་མཚན་རྟགས་བསྐྱོན་ཡོད།

ཟླ་བཅུ་གཉིས་པའི་ཚེས་༣༠ཉིན། འཛུལ་ཞུགས་མཁན་དང་གོ་སྒྲིག་མཁན་མཉམ་རུབ་ཀྱི་ངོས་ནས་འཚོ་བ་གསར་བཞེངས་ཞེས་པའི་མིང་བྱང་འོག ཉེ་ལམ་བྱུང་བའི་མ་ཛ་ཨཧྥེན་གེར་འཁྲུག་རྐྱེན་གྱི་དབང་གིས་ས་ཁུས་དེའི་གནོད་ཐེབས་པ་མ་དང་བུ་གང་མང་ཞིག་བརྙན་དུ་བླང་ནས་ཁོང་ཚོའི་འཚོ་བའི་གོད་ཆག་དང་དཀའ་ངལ་བརྒྱུད་ལམ་ཁག་ཏུ་བཏང་ཐུབ་པ་བྱུང་ཡོད།

ཟབ་སྦྱོང་འདིར་ཆ་ཤས་ལེན་མཁན་དང་། ནེའུ་རོ་གཙུག་ལག་སློབ་གླིང་ནས་ཡིན་པའི་བུ་མོ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་༼ངས་ལྟོས་ན་ང་ཚོའི་བུད་མེད་སུ་ཡིན་ཡང་། མི་ཚེ་ལ་འགྱུར་བ་གཏོང་ཐུབ་པའི་ཟབ་སྦྱོང་འདི་རིགས་ནང་ཐེངས་གཅིག་ངེས་པར་ཆ་ཤས་ལེན་དགོས་སེམས་བསམ་ཞིག་བྱུང་སོང་༽ཞེས་དང་།

དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཉི་མ་གཡང་འཛོམས་ལགས་ཀྱིས་༼གཞོན་ནུ་མ་ཚོ་ནི་བོད་ཀྱི་མ་འོངས་པའི་སྣེ་ཁྲིད་ཡིན་པས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་ཁུར་སྣེ་ཁྲིད་ཀྱི་ལས་རིམ་འདི་ནི་ངོ་མ་ཁ་ཚ་དགོས་གཏུགས་ཤིག་དང་ཕན་ཐོགས་ཅན་ཞིག་བསམ་སོང་༽ཞེས་གསུངས་ཤིང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དྲུང་ཆེ་ཉི་མ་ལྷ་མོ་ལགས་ཀྱིས་༼འདི་ལོ་ང་ཚོས་འཐབ་ཇུས་ཀྱི་ཐད་ལ་དམིགས་བཀར་དོ་ནན་བྱས་པ་ཡིན། འབྲེལ་བཙུགས་ཀྱི་འཐབ་ཇུས་དང་མགོ་ཁྲིད་ཀྱི་འཐབ་ཇུས་སོགས། ཐབས་ཇུས་ནས་ལག་ལེན་བསྟེར་ཕྱོགས་ཡིན་༽ཞེས་དང་།

ཡང་འདིའི་ཐད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་༼སྦྱོང་བརྡར་ཟབ་སྦྱོང་འདི་བརྒྱུད་བོད་ཀྱི་བུད་མེད་ཚོ་བཙན་བྱོལ་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་གང་ཐད་དུ་མདུན་གྲལ་དུ་སླེབས་པའི་སྒུལ་ཤུགས་འབྱིན་རེ་བྱེད་ཀྱི་ཡོད་༽ཅེས་གསུངས།

བོད་ཀྱི་བུད་མེད་ལྷན་ཚོགས་ནི་འཛམ་གླིང་ས་ཁུལ་དུ་ས་གནས་༥༦་དང་ཚོགས་མི་༡༦༠༠༠ཐམ་པས་གྲུབ་པའི་བཙན་བྱོལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་གཉིས་པ་དང་བུད་མེད་ཁབ་གཙང་གི་ཚོགས་པ་གཅུག་པུ་དེ་དང་། ལྷན་ཚོགས་འདིའི་འབོད་ཚིག་ནི་༼བོད་ནང་གི་བོད་མིའི་བདེ་སྡུག བཙན་བྱོལ་ནས་དྲིལ་བསྒྲགས་དང་ཞུ་གཏུག་༽ཅེས་པ་ཡིན།