Announcement, Campaigns, News, Other news, Other TWA news

Fostering Alliances: Project Officer Ms. Tenzin Yingsel Engages in Collaborative Dialogue with Human Rights Advocates for Tibet, Taiwan, and Hong Kong

༄༅། །ཕྱི་ལོ་༢༠༢༣ ཟླ་༡༡ པའི་ཚེས་༡༤ ཉིན་གྱི་ཕྱི་དྲོ་བོད་ཀྱི་བུད་མེད་ལྷན་ཚོགས་གཙོས་གཞུང་ཁུངས་མིན་པའི་ཚོགས་པ་ཆེ་ཁག་ནས་ཐའེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ དང་། རྒྱ་དམར་གཞུང་ལ་ཁ་གཏད་གཅོག་མཁན་ཧོང་ཀོང་གཞོན་སྐྱེས་ཀྱི་ཚོགས་པ་བཅས་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་མཇལ་འཕྲད་ཐོག་ཚོགས་པ་སོ་སོའི་ངོ་བོ་དང་དམིགས་ཡུལ། ལས་དོན་བྱེད་ཕྱོགས་སོགས་ངོ་སྤྲོད་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། གཞན་ཡང་ཐའེ་ཝན་དང་བོད་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་དམ་ཟབ་དགོས་སྐོར་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་གང་ལེགས་བྱུང་ཡོད།

On November 14th, 2023, our project officer, Ms. Tenzin Yingsel, had the chance to speak in-depth with activists from the Human Rights Network for Tibet and Taiwan and Hong Kong Outlanders about their respective activities and prospective collaborations. The meeting concluded with a dinner hosted by the NGOs to thank them for their support and to look forward to working together again soon.