News, Other news, Other TWA news, twa, TWA News

The Tibetan Women’s Association aided in distributing Tsok and participated in the cleanup of the teaching area along with its surrounding vicinity.

༄༅། །ཕྱི་ལོ་༢༠༢༣ ཟླ་༡༢ ཚེས་༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ཉིན་གསུམ་པར་རྒྱལ་ཁབ་༥༩ ནས་ཕེབས་པའི་ཆོས་ཞུ་བ་སྟོང་ཕྲག་མང་པོར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་དང་། སྙིགས་མའི་མགོན་པོ་བཅོམ་ལྡན་འདས་སྨན་བླ་མཆེད་བརྒྱད་ཀྱི་གསོལ་འདེབས་འཛམ་གླིང་གདུང་བ་ཀུན་སེལ་ཞེས་བྱ་བའི་ལུང་སོགས་ཀྱི་ཆོས་བཀའ་དྲིན་སྩལ་གནང་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དང་བླངས་་བས་སྔ་དྲོ་མང་ཚོགས་ལ་འཕྲུལ་ཆུ་བཀྲམ་པ་དང་གསུང་ཆོས་རྗེས་སུ་འཁོར་ཡུག་གཙང་བཟོ་ཞུས་པའི་འདྲ་དཔར་འགའ།