Announcement, News, Other news

Uniting for Tibet: TWA along with other NGOs and Swedish MPs Collaborate on Urgent Concerns, Pledging Parliamentary Action.

༑ ཕྱི་ལོ་༢༠༢༣ ཟླ་༩ ཚེས་༣ ཉིན་རྒྱབ་ཆོས་ནོར་གསོལ་མགྲོན་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་དང་ཚོགས་གཞོན་དེ་བཞིན་གཞུང་ཁུངས་མིན་པའི་སྐུ་ཚབ་ཁག་གཅིག་དང་ལྷན་དུ། སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་མ་གྷེ་རེ་ཊ་མཆོག་གིས་སྣེ་འཁྲིད་པའི་སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་སྐབས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས། བོད་ནང་གིས་ཛ་དྲག་གནས་སྟངས་ཐོག་འབོད་སྐུལ་དང་དེ་མིན་བོད་ནང་ད་ལྟའི་གནད་དོན་ཐོག་གོ་བསྡུར་སྦྱང་བཤད་བྱུང་། ཁོང་རྣམས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སུད་ཝི་ཌན་གྲོས་ཚོགས་ནང་གླེང་སློང་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་བ་མ་ཟད། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཞུ་རྒྱུ་ཡིན་བཅས་གསུངས་གནང་སོང་།

On 3rd September 2023, TWA President, Vice president and NGO representatives met with Swedish Parliament Delegation, discussing Tibet’s pressing issues. Swedish MPs assured to raising the Tibet issue in Parliament.