News, Other news, Other TWA news, Tibet in exile news, Tibet news, twa, TWA News

Visit to Regional Tibetan Women’s Association Mussoorie

༐ བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་དང་དྲུང་ཆེ་རྣམ་གཉིས་ཕྱི་ལོ་༢༠༢༤ ཟླ་༦ ཚེས་༢༧ ཉིན་རྒྱ་གར་བྱང་ཕྱོགས་མ་སུ་རི་ས་གནས་སུ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་རྒྱུན་ལས་དང་ཚོགས་མི་རྣམས་མཇལ་འཕྲད་ཞུས། དེ་རྗེས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་མཉམ་ཚོགས་འདུ་གནང་རྗེས་དགོན་པར་མཆོད་མཇལ་ཞུས་པ་དང་སྦྲགས། ཚོགས་མི་དང་མི་མང་མཉམ་འཛོམས་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་སྤྲོད་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་མ་འོངས་མདུན་སྤོས་ཐོག་བསམ་ཚུལ་བརྗེ་ལེན་ཞུས།
On 27th June, 2024.
Central Tibetan Women’s Association’s President and General Secretary visited Regional Tibetan Women’s Association Mussoorie.