Announcement, News, Other news, Other TWA news

7th anniversary of the Medal of Courage in recognition of Tenzin Delek Rinpoche’s untimely death

༑ ཕྱི་ལོ་༢༠༢༣ ཟླ་༧ ཚེས་༡༢ ཉིན་“སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་”ཞེས་པ་ཞིག་ལོ་ལྟར་འབུལ་སྲོལ་ཡོད་པ་དང་། མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གདན་ཞུ་ལྟར་ཆེད་ཕེབས་ཐོག་གསུངས་བཤད་གནང་ཡོད། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་། བོད་གནས་བལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སློབ་ཕྲུག་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་བཅས་ནས་གཏམ་བཤད་གནང་རྗེས་། འདི་ལོའི་སྙིང་སྟོབས་གཟེངས་རྟགས་དེ་རྒྱ་དམར་གཞུང་གིས་མ་ཉེས་ཁ་གཡོགས་བྱས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་རྡོ་རྗེ་བཀྲ་ཤིས་ལགས་དང་། མགོན་པོ་སྐྱིད་ལགས་ནས་རང་གི་གཅུང་པོ་ལ་དྲང་བདེན་ཐོབ་རྒྱུར་རྒྱ་གཞུང་གི་བཀག་རྒྱ་ལ་མ་འཛེམས་པར་མུ་མཐུད་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བཞིན་པ་ལ་ཆེ་བསྟོད་མཚོན་ཆེད་དུ་ཁོང་རྣམ་གཉིས་ལ་འབུལ་ལམ་ཞུས་པ་དེ་ཁོང་གཉིས་ཀྱི་སྐུ་ཚབ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་གཉིས་ནས་གཟེངས་རྟགས་བཞེས་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་མཉམ་འབྲེལ་གྱིས་ནོར་བུ་གསོལ་མགྲོན་ཁང་དུ་མཛད་སྒོ་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད།

On 12th of July, 2023 marks the 7th anniversary of the Medal of Courage in recognition of Tenzin Delek Rinpoche’s untimely death while incarcerated by the Chinese. In the presence of Honourable Sikyong Penpa Tsering and other distinguished speakers, we are honored to present the 2023 “Tenzin Delek Rinpoche Medal of Courage” to Dorjee Tashi, who is serving a life sentence under CCP, and to Gonpo Kyi, who is dedicated to peacefully protest and call on authorities for the release of her brother’s justice. The event was organized by Tibetan Women’s Association, National Democratic Party of Tibet, Students for a Free Tibet, and International Tibet Network at Norbu House, Dharamshala.

Comment (1)

Leave A Comment

Your Comment
All comments are held for moderation.

https://israelnightclub.com/apartments/דירות-דיסקרטיות-בבאר-שבע/

August 25, 2023

Im very pleased to uncover this site. I want to to thank you for ones time due to this wonderful read!! I definitely liked every little bit of it and I have you book marked to check out new information in your blog.

Reply