Announcement, News, Other news, Other TWA news, Political prisoners

Former political prisoner and filmmaker Dhondup Wangchen la’s talk

༑ ཕྱི་ལོ་༢༠༢༣ ཟླ་༧ ཚེས་༡༠ ཉིན་གྱི་ཕྱི་དྲོ་རྡ་ས་ས་གནས་གཞིས་འགོའི་ལས་ཁུངས་ཀྱི་ཚོགས་ཁང་ཕུན་ཚོགས་ཁང་གསར་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྒྱལ་གཅེས་པ་སྐུ་ཞབས་དོན་གྲུབ་དབང་ཆེན་མཆོག་གི་མང་ཚོགས་ལ་གཏམ་བཤད་ཀྱི་ལས་རིམ་ཐོག་བཞུགས་སྒར་དུ་གནས་བཞུགས་བོད་མི་མང་ཚོགས་མང་དག་ཞིག་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་ཆབ་སྲིད་བཙོན་པ་རྣམས་ཀྱི་དངོས་ཡོད་གནས་སྟངས། དེ་བཞིན་ཁོང་རང་ཉིད་ལ་རྒྱ་དམར་གཞུང་གིས་བཙོན་འཇུག་བྱས་ཏེ་གདུག་རྩུབ་མནར་གཅོད་གང་འདྲ་བཏང་ཡོད་མེད་སོགས་ཀྱི་ཐད་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་བཅས་གཞུང་ཁུངས་མ་ཡིན་པའི་ཚོགས་པ་ཆེ་ཁག་བོད་ཀྱི་བུད་མེད་ལྷན་ཚོགས་གཙོས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད།

On 10th July, 2023 Former political prisoner and filmmaker Dhondup Wangchen la addresses at a public talk organized by Tibetan Youth Congress, Tibetan Women’s Association, National Democratic Party of Tibet, Students for a Free Tibet and International Tibet Network at TSO Phuntsok Khangsar Hall. The event concludes successfully with an engaging question-and-answer session.

Leave A Comment

Your Comment
All comments are held for moderation.