Campaigns, News, Other news, politics

Taiwanese Parliamentarian Hun Sun Han on Tibetan Freedom Movement

༈ ཕྱི་ལོ་༢༠༢༣ ཟླ་༧ པའི་ཚེས་༥ ཉིན་རྒྱབ་ཐེ་ཝན་གྲོས་ཚོགས་འཐུས་མི་དང་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་སུ་ཧན་མཆོག་ཆེད་ཕེབས་ཀྱིས་གཞུང་ཁུངས་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་མཉམ་ཐུག་འཕྲད་གནང་ཡོད། སྐབས་འདེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་དང་དྲུང་ཆེ་རྣམ་གཉིས་ངོ་བཅར་ཐོག་ཚོགས་པས་ངོ་སྤྲོད་དང་བོད་ཀྱི་བདེན་པའི་འཐབ་རྩོད་ཐད་ལས་འགུལ་སྤེལ་ཕྱོགས་དང་། བོད་ཀྱི་གནད་དོན་ནི་བོད་ཙམ་མ་ཡིན་པར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་བདེ་འཇགས་གཙོས་པའི་འཛམ་གླིང་སྤྱིའི་ཞི་བདེ་དང་བརྟན་ལྷིང་སོགས་ལ་གལ་ཆེ་ཡིན་པའི་གནད་དོན་སོགས་ཀྱི་ཐད་གོ་བསྡུར་ལྷུག་པོ་བྱུང་ཡོད།

On 5th July, 2023 Tibetan women’s Association’s President and General Secretary along with Tibetan NGO Representatives Engage in Productive Discussion with Taiwanese Parliamentarian Hun Sun Han @hello_sunhan on Tibetan Freedom Movement. The meeting ended up with scarf.

Leave A Comment

Your Comment
All comments are held for moderation.